སྤྱོད་མཁན་ལགས། ཁྱེད་ད་དུང་ནང་འཛུལ་བྱས་མེད།!   རིན་མི་དགོས་པའི་ཐོ་འགོད།  |  ནང་འཛུལ།  |  
>
>
  • 01-12
  • 13-24
  • 25-36
  • 37-48
张三
དཔལ་མོ།མོ། བོད་རིགས།མཚོ་སྔོན་རྐང་ཚའི་མི་ཡིན།༡༩༩༤ལོར་ནུབ་བྱང་མི་རིགས་སློབ་ཆེན་དུ་རབ་འབྱམས་པའི་ཐོབ་ཐང་བླངས་ཤིང་།ད་ལྟ་དེ་རུ་དགེ་རྒན་གྱི་འགན་ཁུར་ཡོད།སྙན་ངག་ལས་ཡིད་གཟུགས་ཀྱི་སྒྱུ་རྩལ་མཚོན་ཐབས་དང་མཛེས་རྟོག་ཁྱད་ཆོས་གླེང་བབོད་སྐད་ཀྱི་བྱ་ཚིག་གི་འཇུག་པར་རགས་ཙམ་དཔྱད་པབྱ་བའི་མིང་གི་འཇུག་ཚུལ་དང་བྱེད་ལས་ལ་རགས་ཙམ་དཔྱད་པ

《ཚིག་རྒྱན་རིག་པའི་སྒོ་འབྱེད》སློབ་ཁྲིད་བྱ་ཡུལ་ནི། དངོས་གཞི་འཛིན་གྲའི་སློབ་རིམ་གཉིས་པའི་སློབ་སྐབས་དང་པོ་ཡིན་ལ། ཁྱོམ་སྡོམ་པས་ཆུ་ཚོད72 རིང་ཡིན། གཞུང་འདིའི་ནང་དོན་གཙོ་བོ་ནི། བོད་ཀྱི་མཁས་དབང་དུང་དཀར་རིན་པོ་ཆེས《སྙན་ངག་མེ་ལོང་》ལ་གཞི་བཅས་ཏེ་བརྩམས་ཤིང་། སྡོམ་པས་ལེའུ་གསུམ་གྱིས་གྲུབ་པ་དང་། ལེའུ་དང་བོར་ཤོ་ལོ་ཀ་བརྒྱ་དང་ལྔ། ལེའུ་གཉིས་པར་ཤོ་ལོ་ཀ་སུམ་བརྒྱ་རེ་ལྔ། ལེའུ་གསུམ་པར་ཤོ་ལོ་ཀ་བརྒྱ་དང་གྱ་དྲུག་སྟེ་ཁྱོན་སྡོམ་པས་གཞུང་ཚད་ཤོ་ལོ་ཀ་དྲུག་བརྒྱ་རེ་དྲུག་ཡོད་པ་དེ་དག་གི་དོན་བསྡུ་ན་སྙན་ངག་གི་ལུས་དང་རྒྱན་དང་སྐྱོན་སེལ་གསུམ་དུ་འདུས་པ་ཡིན། གཞུང་འདིའི་ཁྱད་ཆོས་དང་ཕན་ནུས་ནི། དེ་ཡང་ཚིག་རྒྱན་སྦྱོར་ཚུལ་སྦྱངས་ཏེ་ལེགས་པར་མཁས་ན་ གནའ་དེང་གི་བསྟན་བཅོས་སྙན་ངག་གི་རྒྱན་གྱིས་སྤུད་པ་རྣམས་ཀྱི་ཚིག་དོན་བདེ་ལེགས་ངང་རྟོགས་ ནུས་པ་དང་། རང་གིས་རྩོམ་པ་དང་གཞན་ལ་འཆད་ཐུབ་པ་སོགས་ཀྱི་དགེ་མཚན་ཆེན་པོ་ལྡན་པ་ཡིན།

དྲ་ཚིགས་ཀྱི་མགོ་ཤོག    |    ངེད་ཀྱི་སྐོར།    |     ང་ཚོར་འབྲེལ་གཏུག     |     པར་དབང་གསལ་བཤད།    |    ཞབས་ཞུའི་དོན་ཚན།

网站首页    |    关于我们    |     联系我们     |     版权声明    |    服务条款