སྤྱོད་མཁན་ལགས། ཁྱེད་ད་དུང་ནང་འཛུལ་བྱས་མེད།!   རིན་མི་དགོས་པའི་ཐོ་འགོད།  |  ནང་འཛུལ།  |  
>
>
  • 01-12
  • 13-24
  • 25-36
  • 37-48
张三
སངས་རྒྱས་ཚེ་རིང་།ཕོ།ཤེས་རམས་ཞིབ་འཇུག་སློབ་མའི་མཚན་བཏགས་ཐོབ་ཡོད། ད་ལྟ་ནུབ་བྱང་མི་རིགས་སློབ་གྲ་ཆེན་མོའི་སློབ་དཔོན་ཆེན་མོ་གཞོན་པ་དང་ཤེས་རམས་པའི་མཛུབ་སྟོན་དགེ་རྒན་གྱི་འགན་ཁུར་ཡོད།

《བོད་ཀྱི་བརྡ་སྤྲོད་རིག་པའི》སློབ་ཁྲིད་ནི་ཆེད་ལས་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཡིན་པའི་དངོས་གཞི་འཛིན་གྲའི་ལོ་བཞིའི་འཆར་གཞི་ལ་གཏོགས་པའི་ཁྲིད་ཚན་གཙོ་བོ་ཞིག་ཡིན་པ་མ་ཟད། བོད་ཀྱི་སྐད་ཡིག་དང་རྩོམ་རིག་ལ་འཇུག་བའི་སྒོ་ལྟ་བུ་ཡང་ཡིན་ཞིང་། འདིར་འཁྲིད་བྱ་ཁ་ཚང་སློབ་མའི་རྒྱུད་ལ་ཞོགས་ཆེད་གཙོ་བོ་བོད་ཀྱི་བརྡ་སྤྲོད་རིག་པ་སྟེ་སུམ་ཅུ་བ་དང་རྟགས་ཀྱི་འཇུག་པའི་གཞུང་ལུགས་གཞིར་བྱས་ཐོག བོད་མི་རིགས་རང་གི་སྐད་སྤྱིའི་ཁྱད་ཆོས་དང་བསྟུན་ནས་ཡི་གེའི་སྦྱོར་བ་དང་། མིང་གི་སྦྱོར་བ། ཚིག་གི་སྦྱོར་བ་སོགས་བརྡ་སྤྲོད་པའི་ཆོས་ཉིད་དང་ཁྱད་ཆོས་གཙོ་བོ་རྣམས་མདོར་བསྡུས་ཤིང་། གཞུང་ལུགས་ཀྱི་ཐད་ནས་སློབ་མས་དོགས་པ་སློང་ཅི་ཐུབ་དང་། ངོ་སྤྲོད་སྐབས་དགེ་རྒན་གྱིས་སློབ་མའི་བློ་སྒོ་འབྱེད་ཐབས་དང་། གཞུང་ལ་འཇུག་ཐབས་སམ་གཞུང་དོན་རྟོགས་པའི་ཐབས་ཤེས་ངོ་སྤྲོད་ཅི་ཐུབ་དང་། ལྷག་དོན་སུམ་རྟགས་གཉིས་ཀྱི་རྩ་བའི་དགོངས་པ་ལ་སྔོན་བྱོན་མཁས་དབང་རྣམས་ཀྱིས་གོ་བ་ལེན་སྟངས་དང་། དངོས་དོན་ལག་ལེན་དུ་བསྟར་བཞིན་པ་དང་། སྐད་ཆ་འཕོ་འགྱུར་གྱི་འགྲོས་བཅས་མི་འགལ་བར་གཞུང་ལུགས་དང་ལག་ལེན་སྦྱར་ཅི་ཐུབ་ཀྱིས་བསྟན་ཡོད།

དྲ་ཚིགས་ཀྱི་མགོ་ཤོག    |    ངེད་ཀྱི་སྐོར།    |     ང་ཚོར་འབྲེལ་གཏུག     |     པར་དབང་གསལ་བཤད།    |    ཞབས་ཞུའི་དོན་ཚན།

网站首页    |    关于我们    |     联系我们     |     版权声明    |    服务条款