མགོ་ཤོག  > ཚན་རྩལ་ཁྱབ་གདལ་སློབ་གསོ། > ཨེ་ཙི་ནད།

  ཨེ་ཙི་ནད།  

ཨེ་ཙི་ནད་འགོག་བཅོས་ཤེས་བྱ།

  1. ཨེ་ཙི་ནད།

            ཨེ་ཙི་ནད་ཅེས་པ་ནི་དབྱིན་སྐད་ཀྱི"AIDS"ཞེས་པ་བསྒྱུར་བའི་མིང་ཡིན། གསོ་རིག་སྟེང་དུ་མིང་ཆ་ཚང་ལ་རྗེས་ཐོབ་རང་བཞིན་གྱི་འགོག་མི་ཐུབ་པའི་སྣ་འདུས་ནད་ཅེས་ཟེར། འདི་ནི་འགྲོ་བ་མིའི་འགོག་མི་ཐུབ་པའི་རིམས་ནད་ཀྱི་ནད་དུག(བསྡུས་མིང་ལHIV)འགོས་རྗེས་བྱུང་བའི་འཆི་སྲིད་པའི་འགོ་ནད་ཅིག་ཡིན།
  2. ཨེ་ཙི་ནད།

  3. ཨེ་ཙི་ནད།

  4. ཨེ་ཙི་ནད།

  5. ཨེ་ཙི་ནད།

  6. ཨེ་ཙི་ནད།

  7. ཨེ་ཙི་ནད།

  8. ཨེ་ཙི་ནད།

  9. ཨེ་ཙི་ནད།

  10. ཨེ་ཙི་ནད།

  11. ཨེ་ཙི་ནད།

  12. ཨེ་ཙི་ནད།

  13. ཨེ་ཙི་ནད།

  14. ཨེ་ཙི་ནད།

  15. ཨེ་ཙི་ནད།

ཅི་ཞིག་ནི་ཨེ་ཙེ་ནད་ཡིན།

什么是艾滋病?

        ཨེ་ཙི་ནད་ཅེས་པ་ནི་དབྱིན་སྐད་ཀྱི"AIDS"ཞེས་པ་བསྒྱུར་བའི་མིང་ཡིན། གསོ་རིག་སྟེང་དུ་མིང་ཆ་ཚང་ལ་རྗེས་ཐོབ་རང་བཞིན་གྱི་འགོག་མི་ཐུབ་པའི་སྣ་འདུས་ནད་ཅེས་ཟེར། འདི་ནི་འགྲོ་བ་མིའི་འགོག་མི་ཐུབ་པའི་རིམས་ནད་ཀྱི་ནད་དུག(བསྡུས་མིང་ལHIV)འགོས་རྗེས་བྱུང་བའི་འཆི་སྲིད་པའི་འགོ་ནད་ཅིག་ཡིན། ནད་འདི་གཙོ་བོ་ལུས་ཀྱི་ནད་འགོག་མ་ལག་བརླག་སྟེ་ལུས་པོའི་འགོག་ནུས་རིམ་བཞིན་ཉམས་ནས་ཕྱིའི་ནད་གཟུགས་སྣ་ཚོགས་འགོག་མི་ཐུབ་པར་གྱུར་དེ། མི་བདེ་ཐང་ཅན་ལ་ཕོག་མི་ཐུབ་པའི་འགོ་ནད་རང་བཞིན་གྱི་ནད་དང་སྐྲན་རིགས་ལས་སླ་མོར་འགོས་ནས་མཐར་འཆི་བར་འགྱུར་བ་ཞིག་ཡིན། ཨེ་ཙི་ནད་དུག་འགོས་པའི་མི་དེ་ནི་དང་ཐོག་ཕར་བལྟས་ན་ན་རྟགས་ཅི་ཡང་མེད་པའམ་འབྱུང་ཁམས་ཡང་བདེ་མོ་ཡིན་ཡང་ནད་དུག་གཞན་ལ་བསྒོ་སྲིད་པ་ཡིན།

        艾滋病是英语"AIDS"的中文翻译名称,医学全名叫获得性免疫缺陷综合征。它是由于感染了一种叫人类免疫缺陷病毒(简称HIV)后引起的一种致死性传染病。这种病毒主要破坏人体的免疫系统,使机体逐渐丧失防卫能力而不能抵抗外界的各种病原体,因此极易感染一般健康人不易罹患的感染性疾病和肿瘤,最终导致死亡。一个感染了艾滋病病毒的人,也许早期看上去没什么表现或自我感觉良好,但是可以把病毒传染给别人

        མི་བདེ་ཐང་ཅན་ལ་ཨེ་ཙི་ནད་ཇི་ལྟར་འགོ་བ་ཡིན།

        健康人是怎样感染上艾滋病病毒的?

        1.ཆགས་སྤྱོད་ལས་འགོ་བ། ཨེ་ཙི་ནད་དུག་འགོས་པའི་མི་དང་མི་བདེ་ཐང་ཅན་ཞིག་ཆགས་སྤྱོད་བྱས་པར་མ་ཟད། འགོག་སྲུང་གི་ཐབས་མ་སྤྱད་པ་ནི་ཨེ་ཙི་ནད་དུག་བསྒོ་བའི་ཁུངས་གཙོ་བོ་ཡིན། ཉེན་ཁ་ཆེ་བའི་རིགས་ནི་སྨན་འཚོང་མ་དང་ཆགས་སྤྱོད་ཟླ་བོ་འགའ་ཡོད་པ། མཚན་མཐུན་བར་ཆགས་སྤྱོད་བྱེད་པ་བཅས་ཡིན།

        1 .性传播途径:艾滋病病毒感染者与健康人发生性关系而又未采取安全防护措施是艾滋病病毒传播的重要途径。高危险人群有卖淫嫖娼者、有多个性伴侣者、同性恋者。

        2. ཁྲག་ལས་འགོ་བ། གལ་ཏེ་ཨེ་ཙི་ནད་དུག་ཡོད་པའི་མིའི་ཁྲག་གམ་ཁྲག་དངོས་ལུས་སུ་འགོས་ཚེ་ཚང་མར་ཨེ་ཙེ་ནད་དུག་འགོ་བ་ཡིན། ཉེན་ཁ་ཆེ་བའི་མི་ཚོགས་ཞེས་པ་ནི་fབརྟག་དཔྱད་ཞིབ་མོ་བྱས་མེད་པའི་ཁྲག་གམ་ཁྲག་དངོས་བཟོ་མཁན་དང་། རྩ་ལམ་དུ་དུག་རྫས་གཏོང་མཁན། ཁྲིམས་དང་འགལ་ནས་ཁྲག་འཚོང་བ་དང་ཁྲག་གསོག་པ། ཁྲིམས་དང་འགལ་ནས་མིའི་དབང་བོ་ཉོ་འཚོང་བྱེད་པ། མི་གཞན་གྱི་སོ་འཁྲུད་བྱེད་སོགས་འཚོ་བའི་ཡོ་བྱད་གང་བྱུང་དུ་བཀོལ་མཁན།

        2.血液传播途径:如果带有艾滋病病毒的血液或血液制品进入人体,人体就会无一例外的感染上艾滋病病毒。高危险人群有接受未经严格检测的血液或血液制品者、静脉吸毒者、非法进行卖血受血者、非法进行人体器官买卖者、混乱使用牙具等生活用品者。

        3.མ་བུའི་འགོ་བ། ཨེ་ཙི་ནད་དུག་འགོས་པའི་སྐྱེས་མས་སྦྲུམ་ཆགས་པའི་དུས་མཇུག་དང་བཙའ་བའི་སྐབས། ནུ་མ་སྣུན་པའི་སྐབས་བཅས་སུ་ཨེ་ཙི་ནད་དུག་སྦྲུམ་བུའམ་ཁྱེའུ་ལ་བསྒོས་པ། འགོ་ངེས་པའི་ཚད་ནི25~40%ཡིན་པ་དང་། སྤྱིར་བཏང་དུ30%ཡས་མས་ཡིན། ཉེན་ཁ་ཆེ་བའི་མི་ཚོགས་ཞེས་པ་ནི་ཨེ་ཙི་ནད་དུག་འགོས་པའི་སྐྱེས་མར་སྦྲུམ་ཆགས་རྗེས་སྨན་ཁང་གི་སྨན་པའི་མཛུབ་སྟོན་ལ་མ་ཉན་པར་མ་བུའི་བར་འགོས་པ་ཡིན།

        3.母婴传播途径:感染了艾滋病病毒的妇女可能会在怀孕的后期、分娩过程中和母乳喂养时把艾滋病病毒传给胎儿或婴儿,传播的可能性为25-40%,一般为30%左右。高危险人群是感染了艾滋病病毒的妇女怀孕后未去医院接受医生指导,服用阻断母婴传播的

ནད་འགོས་པའི་མི་དང་ཨེ་ཙི་ནད་པའི་བར་མི་འདྲ་ས་ཅི་ཡོད།

感染者与艾滋病患者有什么不同?

        ཨེ་ཙིའི་ནད་དུག་ལུས་ལ་ཞུགས་ནས་རྒྱུད་འཕེལ་བའི་བར་དུས་ངེས་ཅན་ཞིག་དགོས། དང་ཐོག་ནད་པའི་རིམས་འགོག་ནུས་པར་ད་དུང་གཏོར་བརླག་ཆེན་པོ་ཐེབས་མེད་པས་ནད་རྟགས་ཀྱང་གསལ་བོ་མེད། ང་ཚོས་མི་འདི་དག་ལ་ཨེ་ཙི་ནད་འགོས་པའི་ནད་པ་ཟེར། ནད་པའི་རིམས་འགོག་ནུས་པ་བརླག་ནས་ཚད་ངེས་ཅན་ཞིག་ལ་ཐོན་ན། ནད་སྲིན་གཞན་པ་གླགས་དང་བསྟུན་ནས་ལུས་ལ་ཞུགས་པ་དང་། སྐབས་དེར། ནད་འགོས་པའི་མི་ནི་ཨེ་ཙི་ནད་པར་གྱུར་པ་ཡིན། ཨེ་ཙི་ནད་དུག་འགོས་པའི་མི་ནས་ནད་པར་འགྱུར་བའི་བར་དུ་ཟླ་འགའའམ་ལོ་འགའ་དགོས་ཏེ། སྤྱིར་བཏང་དུ་ལོ8~10འགོར་ཞིང་། ཆེས་རིང་ན་ལོ19འགོར་བ་ཡིན།

        艾滋病病毒进入人体后的繁殖需要一定的时间。在开始阶段,感染者的免疫功能还没有受到严重破坏,因而没有明显的症状,我们把这样的人称为艾滋病病毒感染者。当感染者的免疫功能被破坏到一定程度后,其他病菌就会乘虚而入,这时,感染者就成为艾滋病患者了。从艾滋病病毒感染者发展到艾滋病患者可由数月至数年,一般为8-10年,最长可达19年。

ཨེ་ཙི་ནད་པར་ནད་རྟགས་གང་དག་ཡོད།

艾滋病患者有哪些症状?

        ཨེ་ཙི་ནད་དུག་འགོས་པ་ནས་ཨེ་ཙི་ནད་ཀྱི་ནད་པར་འགྱུར་བའི་བར་དུས་སྐབས་གསུམ་དུ་བགོས་ཆོག་སྟེ།

        从感染艾滋病病毒到发展成艾滋病患者,可分为三个时期:

        ⑴ མྱུར་འགོ་དུས་སྐབས། སྤྱིར་བཏང་དུ་ཨེ་ཙི་ནད་དུག་འགོས་རྗེས་ཀྱི་བདུན་ཕྲག2~6ནང་དུ་ནད་རྟགས་ཕྱིར་མངོན་པ་ཡིན། ནད་རྟགས་ནི་ལུས་ལ་ཚ་རྒྱས་པ་དང་། མགྲིན་པ་ན་བ། རྨེན་མདུད་སྐྲངས་པ། པགས་འབྲུམ་འབྱུང་བ་སོགས་ཡིན་ལ་ཆམ་ནད་དང་འདྲ། བདུན་ཕྲག་གཉིས་ཀྱི་རྗེས་སུ་མེད་པར་འགྱུར་སྲིད།

        (1)急性感染期:一般在感染艾滋病病毒后2-6周出现。表现为发热、 咽喉痛、淋巴结肿大、皮疹等,类似感冒,一般持续约两周自行消退。 但不是所有的人都会有明显的急性感染期,出现率约为50%-75%。此期感染者具有传染性。

        ⑵ ནད་རྟགས་མེད་པའི་དུས་སྐབས། དུས་སྐབས་འདིའི་ཁྱད་ཆོས་ནི་ནད་རྟགས་གསལ་བོ་མེད་ལ། དེ་ནི་ཨེ་ཙི་ནད་ཀྱི་ལྐོག་གྱུར་དུས་སྐབས་ཤིག་ཡིན། ལྐོག་གྱུར་དུས་སྐབས་འདིའི་ནང་དུ་ཨེ་ཙི་ནད་དུག་འགོས་པའི་མི་ལ་འགོ་གཤིས་ཡོད་ལ། དེར་ཨེ་ཙི་ནད་དུག་ཡོད་པའི་མི་ཟེར། སྐབས་དེར་ཨེ་ཙི་ནད་དུག་འགོག་གཟུགས་ནི་གདགས་གཤིས་ཡིན་པའི་ ཚད་ནི་ཕལ་ཆེར100%ལ་སླེབས་ཡོད།

        (2)无症状感染期:其特点是没有明显的症状,是艾滋病的潜伏期。 潜伏期内的艾滋病病毒感染者具有传染性,又称作艾滋病病毒携带者,这时的艾滋病病毒抗体阳性检出率几乎达100%。

        ⑶ ཨེ་ཙི་ནད་ཀྱི་དུས་སྐབས། ལུས་ཧྲིལ་བོར་ནད་རྟགས་ཡོད་དེ། དཔེར་ན་བསྟུད་མར་ཚ་རྒྱས་པ་དང་ལུས་ཧྲིལ་བོའི་རྨེན་མདུད་བསྟུད་མར་སྐྲངས་པ། ལྷག་པར་དུ་གསུས་སྨད་མ་གཏོགས་ལུས་ཧྲིལ་བོའི་རྨེན་མདུད་གཉིས་ཡན་ཆད་སྐྲངས་ལ་སྤྱིར་བཏང་དུ་ཆེ་ཆུང་ལི་སྨི1ཙམ་ཡོད་ལ་ན་ཟུག་མེད། བསྟུད་མར་དལ་གཤིས་ཅན་གྱི་གསུས་པ་བཤལ་བ་དང་། ཟླ་གསུམ་གྱི་ནང་དུ་ལུས་པོའི་ལྗིད་ཚད10%ཙམ་ཇེ་ཡང་དུ་འགྲོ་སྲིད། རྔུལ་ལངས་པ་སྟེ་མང་ཆེ་བ་དགུང་མོར་ལངས་ཤིང་དེར་མཐུད་ནས་ཉིན་མོའང་འབྱུང་བ་ཡིན། ངལ་དུབ་སྐྱེ་བ་དང་བརྗེད་ངེས་ཆེ་བ། མགོ་བོ་ཡང་ཡང་ན་བ། རིག་པ་རྡིབ་ཅིང་ལྒིན་རྟགས་ཡོད་པ། གློ་ཚད་དང་འདུས་འདྲིལ་གཅོང་ནད། རྒྱུ་ཚད་སོགས་འབྱུང་ལ། ཐ་ན་སྐྲན་ནད་ཀྱང་འབྱུང་། ཨེ་ཙི་ནད་དུག་འགོག་གཟུག་གདགས་གཤིས་ཡིན།

        (3)艾滋病期:表现为全身症状,如持续不规则低热;持续性全身性 淋巴结肿大,特别是除腹股沟以外,全身有两处以上部位淋巴结肿大, 一般1厘米大小,不疼痛;持续慢性腹泻;三个月内体重下降10%以上;盗汗,初为夜间出现,继而发展到白天也存在;极度乏力、记忆力减退、反复头痛、反应迟钝乃至痴呆;出现肺炎、结核、肠炎等,甚至肿瘤。艾滋病病毒抗体阳性。

རང་ལ་ཨེ་ཙི་ནད་དུག་འགོས་པ་ཇི་ལྟར་ཤེས་དགོས།

如何得知自己感染了艾滋病病毒?

        མི་ཞིག་ལ་ཨེ་ཙི་ནད་དུག་འགོས་ཡོད་མེད་ཐག་གཅོད་ཐད་མིག་སྔར་རྒྱུན་དུ་བཀོལ་བཞིན་པ་ནི་ཐོག་མར་ས་གནས་དེའི་འཕྲོད་བསྟེན་ལས་ཁུངས་སུ་སོང་ནས་ཕྲག་ནང་གི་ཨེ་ཙི་ནད་དུག་འགོག་གཟུགས(བསྡུས་མིང་ལHIVཟེར)ལ་བརྟག་དཔྱད་རགས་ཙམ་བྱ་དགོས་ཏེ། དཔེར་ན་འགོག་གཟུགས་ཐོག་མར་བརྟག་པ་གདགས་གཤིས་རང་བཞིན་གྱི་འགྱུར་འབྱུང་ཡིན་ན་ཁྲག་དེ་ཞིང་ཆེན་རིམ་པའི་ངོས་འཛིན་དངོས་བཤེར་ཁང་དུ་བསྐྱལ་ནས་ངོས་འཛིན་བརྟག་དཔྱད་བྱ་དགོས། ཚོད་ལྟ་ལས་སྔར་བཞིན་གདགས་གཤིས་ཡིན་ན་ད་གཟོད་ཨེ་ཙི་ནད་དུག་འགོས་ཡོད་པ་ཐག་གཅོད་བྱས་ཆོག

        确定一个人是否感染了艾滋病病毒,目前通常的检查办法是先到当地的卫生机构进行血液艾滋病病毒抗体(简称HIV)初筛检测,如抗体初筛检测呈阳性反应,血样将送省级确认实验室进行确认检测,确认试验仍呈阳性的,方可以确诊为艾滋病病毒感染。

ཨེ་ཙི་ནད་སྨན་བཅོས་བྱས་ཆོག་གམ།

艾滋病可以治疗吗?

        མིག་སྔར་ཨེ་ཙི་ནད་སྨན་བཅོས་བྱས་ཚེ་རྩ་བ་དྲག་མི་ཐུབ་ཀྱང་སྨན་བཅོས་བྱས་ཆོག་པ་ཡིན། ཐོག་མར་ནད་པར་ནད་ལས་ཐར་ཐབས་ཀྱི་ཡིད་ཆེས་སྐྱེ་རུ་འཇུག་དགོས་ཏེ། ཨེ་ཙི་ནད་བྱུང་ཚེ་ནད་རྟགས་ལ་བལྟས་ནས་དུས་ཚོད་དམ་འཛིན་བྱས་ཏེ་སྨན་བཅོས་བྱ་དགོས། དཔེར་ན་གློ་ཚད་བྱུང་ན་དུས་མི་འགྱངས་བར་སྨན་བཅོས་བྱེད་པ་དང་། ཆམ་པ་ཕོག་ན་དུས་དམ་འཛིན་བྱས་ནས་སྨན་བཅོས་བྱ་དགོས། མིག་སྔར་ཀྲུང་དབྱི་དང་ཕྱི་ལུགས་སྨན་བཅོས་ཀྱི་ཐབས་བཀོལ་ནས་ནད་དུག་བཀག་སྟེ་སྨན་བཅོས་བྱེད་པའི་ཐབས་ཡོད་པ་དེས་ཨེ་ཙི་ནད་དུག་རྩ་བ་ནས་འཇོམས་མི་ཐུབ་ཀྱང་རྒྱུད་འཕེལ་བ་འགོག་ཐུབ་པ་དང་། ལུས་པོའི་ནད་འགོག་ནུས་པ་ཇེ་ལེགས་སུ་བཏང་སྟེ། ཨེ་ཙི་ནད་པའི་ངལ་རྩོལ་ནུས་པ་དང་འཚོ་བའི་སྤུས་ཚད་ཇེ་ལེགས་སུ་བཏང་སྟེ། ནད་པའི་ཚེ་ཐག་ཇེ་རིང་དུ་གཏོང་ཐུབ།

        尽管目前艾滋病还不能彻底治愈,但还是可以治疗的。首先患者要树立信心,患了艾滋病应该针对症状,及时地、积极地进行治疗,如得了肺炎,就要及时把肺炎治好;得了感冒,要抓紧把感冒治好。目前采用中西医治疗的办法,已经有了抗病毒治疗方法,尽管还不能完全消灭体内的艾滋病病毒,但可以有效抑制它的繁殖,提高人体免疫力,改善艾滋病患者的劳动力和生活质量,大大的延长了艾滋病病毒感染者的寿命。

ཨེ་ཙི་ནད་ཇི་ལྟར་སྔོན་འགོག་བྱ་དགོས།

如何预防艾滋病?

        མིག་སྔར་ཨེ་ཙིའི་ནད་རྩ་བ་ནས་དྲག་མི་ཐུབ་ཀྱང་ཨེ་ཙིའི་ནད་དུག་གི་འགོ་ལམ་ཤེས་ཤིང་གོ་ཆོད་པའི་སྔོན་འགོག་ཐབས་བཀོལ་ནས་ཚོད་འཛིན་བྱས་ན། ཨེ་ཙི་ནད་འབྱུང་ཤིང་མཆེད་པ་འགོག་ཐུབ། འགོ་ལམ་མི་འདྲ་བ་དང་ཉེན་ཁ་ཡོད་པའི་མི་དག་ལ་དེ་འཚམ་གྱི་འགོག་ཐབས་དང་དོ་དམ་ལམ་ལུགས་སྤྱོད་དགོས།

        虽然目前艾滋病不能完全根治,但只要掌握了艾滋病病毒传播的途径,采取有效的预防措施,完全可以有效地阻断艾滋病病毒的传播途径,防止艾滋病的发生和蔓延。根据不同的传播途径和高危险人群,有针对性的采取不同的防治措施和管理制度。

        གཅིག ཆགས་སྤྱོད་ལས་ཨེ་ཙི་ནད་འགོ་བ་དང་དེ་བཅོས་ཐབས།

        一、艾滋病的性传播途径及预防

         ཨེ་ཙི་ནད་འགོས་པའི་མི་དང་ཨེ་ཙི་ནད་པ་གཉིས་ཀྱི་ཁམས་དཀར་དང་མངལ་ལམ་གྱི་ཟགས་ཐོན་དངོས་པའི་ནང་དུ་ཨེ་ཙིའི་ནད་དུག་མང་པོ་ཡོད་པ་དེ་དག་སྐྱི་པགས་དང་འབྱར་སྐྱི་ཅུང་ཟད་བརྟོལ་བ་ལས་ལུས་སུ་ཞུགས་ནས་འགོས་པ་ཡིན། ལྷག་པར་དུ་མཚན་མཐུན་དགའ་རོགས་དང་མཚན་མའི་ནད་གཞན་ཡོད་པའི་མི་ལ་འགོ་ཚད་མཐོ།

        艾滋病感染者和艾滋病病人的精液、阴道分泌物中,有大量的艾滋病病毒存在,这些病毒通过微小的皮肤或粘膜破损进入人体而被感染,特别是同性恋和患有其他性病者被感染的几率更高。

        ཨེ་ཙི་ནད་ཀྱི་ནད་དུག་ཆགས་སྤྱོད་ལས་འགོ་བ་སྔོན་འགོག་བྱེད་ཚེ་བདེ་འཇགས་ཀྱི་འཁྲིག་པ་སྤྱོད་དགོས་ཏེ། གཅིག་ནི་ཕན་ཚུན་ལ་བློ་གཏད་ཆོག་པ་དང་ཨེ་ཙི་ནད་འགོས་མེད་པའི་འཁྲིག་པ་སྤྱོད་ཡུལ་མི་གཅིག་ཡིན་དགོས། གཉིས་ནི་ཉེན་ཁ་ཡོད་པའི་མི་ལ་འཁྲིག་པ་སྤྱོད་ཐེངས་རེར་མཚན་ཤུབས་འགྲིག་པོར་སྐོན་དགོས། མཚན་ཤུབས་འགྲིག་པོར་སྐོན་ཐབས་ནི།

        预防艾滋病病毒通过性行为传播,要采取安全的性行为。一是只有一个相互忠诚、没有感染艾滋病的性伴侣;二是高危人群每次性生活都要正确使用安全套。安全套正确使用方法是:

        ⑴ མཚན་ཤུབས་ཐོན་སྐྱེད་བྱེད་པའི་བཟོ་གྲྭ་དང་གོ་ཆོད་པའི་དུས་ཡུན། ཚད་ལྡན་དཔང་རྟགས།

        (1)注意安全套的生产厂家、有效期、合格证;

        ⑵ གལ་ཏེ་ཆགས་སྤྱོད་སྐབས་མཚན་ཤུབས་མགོ་ནས་ཤུད་ཚེ་མྱུར་དུ་གསར་བ་ཞིག་ལ་བརྗེ་དགོས།

        (2) 如果性生活时安全套破裂,能够立即更换新的;

        ⑶ ཆགས་སྤྱོད་སྔོན་ལ་ཕན་ཚུན་གྱི་མཚན་མར་མ་རེག་གོང་དུ་མཚན་ཤུབས་སྐོན་དགོས། འདི་ལྟར་བྱས་ན་ཟགས་དངོས་ཕར་ཚུར་ལ་འགོ་མི་ཐུབ།

        (3)在性交前还没有接触对方性器官前就套上安全套,这样就能有效避免体液接触;

        ⑷ མཚན་ཤུབས་མར་ལེན་སྐབས། ལག་པ་གཅིག་གིས་མཚན་ཤུབས་ཀྱི་ཁ་བཙིར་ཏེ། སེམས་ཆུང་ངང་འཐེན་ནས་ཁ་རུ་མདུད་པ་བརྒྱབ་སྟེ་ཁམས་དཀར་ཕྱིར་མི་བཞུར་བར་བྱེད་དགོས་པར་མ་ཟད་ཟགས་ཁུ་ལག་པའི་ཐོག་མི་འགོ་བར་བྱ་དགོས།

        (4) 取下安全套时,一手捏住安全套口部,小心撤出,将安全套口打结,避免精液溢出,并防止阴道液沾到手上;

        ⑸ མཚན་ཤུབས་གཅིག་ཐེངས་གཅིག་ལ་བཀོལ་བ་ལས། ཡང་ཡང་དུ་བཀོལ་མི་རུང་། བཀོལ་ཟིན་པའི་མཚན་ཤུབས་དོ་དམ་ལེགས་པོ་བྱ་དགོས་ཏེ། འཕྲོད་བསྟེན་ཤོག་བུས་གཅུད་ནས་གད་སྙིགས་ཀྱི་སྣོད་ནང་འཕེན་དགོས།

        (5)一个安全套只能使用一次,不能重复使用。用过的安全套要妥善处理,如用卫生纸包好,丢到垃圾桶。

        གཉིས། ཁྲག་ལས་ཨེ་ཙི་ནད་འགོ་བ་དང་དེ་བཅོས་ཐབས།

        二、艾滋病的血液传播途径及预防

        ལུས་ལ་ཁྲག་བརྒྱབ་ནས་འཆི་བ་ལས་ཐར་བྱུང་བའི་མི་མང་པོ་ཡོད་མོད། འོན་ཀྱང་། ཨེ་ཙི་ནད་དུག་ཡོད་པའི་མིའི་ཁྲག་བརྒྱབ་ཚེ། ཁྲག་རྒྱག་ཡུལ་གྱི་མིར་ཨེ་ཙི་ནད་དུག་འགོ་སྲིད་པས། ཁྲག་རྒྱག་པ་དང་ཁྲག་གིས་བཟོས་པའི་དངོས་པོ་བདེ་འཇགས་ཡིན་པ་ཁག་ཐེག་བྱ་རྒྱུ་ནི་ཁྲག་བརྒྱབ་ནས་འགོས་པ་སྔོན་འགོག་བྱེད་པའི་གནས་གཙོ་བོ་ཞིག་ཡིན། རང་རྒྱལ་དུ་ད་ལྟ་ཁྲིམས་ལུགས་ནང་གཏན་ཁེལ་བྱས་ཡོད་དེ། སྨན་བཅོས་ཁྲོད་སྤྱོད་པའི་ཁྲག་ཚང་མར་ཨེ་ཙེ་ནད་ཀྱི་ནད་དུག་འགོག་གཟུགས་ཡོད་མེད་ལ་ཞིབ་བཤེར་བྱས་ཏེ། བདེ་འཇགས་ངང་ཁྲག་བཀོལ་བར་ཁག་ཐེག་བྱ་རྒྱུ་ནི་སྨན་བཅོས་འཕྲོད་བསྟེན་སྡེ་ཁག་གི་འགན་འཁྲི་ཡིན། ང་ཚོ་མི་རེ་རེ་ཡིས་ཀྱང་བདེ་འཇགས་ངང་ཁྲག་བཀོལ་བར་ལྟ་སྐུལ་བྱ་དགོས་ཏེ། གཅིག་ནས་ཁྲག་རྒྱག་པའི་དགོས་པ་མེད་ཚེ་མི་རྒྱག་པ་དང་། ངེས་པར་དུ་རྒྱག་དགོས་ན་ཁྲག་ལ་ཨ་ཙེ་ནད་ཀྱི་ནད་དུག་འགོག་གཟུགས་ཞིབ་བཤེར་བྱས་མིན་ཤེས་པའི་དབང་ཆ་ཡོད། "འགོག་ཤུགས"ཇེ་ཆེར་གཏོང་ཆེད་གང་འདོད་ཀྱིས་ཁྲག་ལས་བཟོས་པའི་དངོས་པོ་བཀོལ་མི་རུང་། རང་འདོད་ལྟར་གཞན་ལ་ཁྲག་རྒྱག་པ་དང་ཁྲག་བཙོང་བ། དབང་བོ་སྣ་ལྔ་འབུལ་བ་སོགས་བྱ་མི་རུང་། གཉིས་ནས་དུ་ནག་འཐེན་མཁན་གྱིས་ཁབ་སྦུག་དང་ཁག་མགོ་གཅིག་མཉམ་དུ་མི་བཀོལ་བ། གལ་ཏེ་དེ་ཚོའི་ཁྲོད་ཀྱི་མི་གཅིག་ལ་ཨེ་ཙི་ནད་དུག་འགོས་ཡོད་ཚེ་ཁབ་རྒྱག་ཆས་སྟེང་འགོས་ཡོད་པས། ཨེ་ཙི་ནད་དུག་ནི་ཁབ་ཆས་ལས་དུ་ནག་འཐེན་མཁན་གཞན་རྣམས་ལ་འགོ་བ་ཡིན། དེ་ལས་གཞན། དུ་ནག་གིས་མིའི་ལུས་སྟོབས་ཉམས་སུ་བཅུག་སྟེ། ཨེ་ཙི་ནད་དུག་འགོ་བ་དང་ནད་འབྱུང་བའི་གོ་སྐབས་ཇེ་མང་དུ་བཏང་། གསུམ་ནས་མི་གཞན་གྱི་སོ་བཀྲུ་བྱེད་དང་ཁ་སྤུ་བཞར་བྱེད་སོགས་སྐྱི་པགས་དང་འབྱར་སྐྱི་རྨས་སླ་བའི་ཡོ་བྱད་བཀོལ་མི་རུང་།

        输血创造了很多起死回生的奇迹。但是,如果输入了带艾滋病病毒的血液,接受血液的人都会感染艾滋病病毒。所以,保证输血和血液制品的安全是预防艾滋病病毒经过血液传播的重要屏障。我国现在已经有法律规定,所有医疗用血液都必须进行艾滋病病毒抗体检测,保证安全用血是医疗卫生部门的责任。我们每个人对安全用血也要起监督作用。一是 尽量避免不必要的输血, 如果必须输血,有权利了解血液是否经过艾滋病病毒抗体检测; 不要为了所谓的"增加抵抗力"而盲目使用血液制品;不私自献血卖血、捐献人体器官等。 二是吸毒者常常共用针管、针头。如果其中有一人感染艾滋病病毒,注射器就会被污染,那么艾滋病病毒就会通过针具传染给其他吸毒者。此外,毒品使吸毒者的体质下降,增加了艾滋病病毒感染和发病的可能性。三是不混用牙具,剃须刀等 容易刺伤皮肤和粘膜的个人用品。

གསུམ། མ་བུའི་བར་དུ་ཨེ་ཙི་ནད་འགོ་བ་དང་འགོག་པ།

三、艾滋病的母婴传播与阻断

        མ་བུའི་བར་དུ་འགོ་བ་ནི་ཁྱེའུ་དང་བྱིས་པར་ཨེ་ཙི་ནད་འགོ་བའི་ལམ་གཙོ་བོ་ཡིན། བཙས་མ་ཐག་པའི་ཁྱེའུ་ལ་ཨེ་ཙི་ནད་འགོ་བ90%ནི་ཨ་མའི་ལུས་ནས་འགོས་པ་ཡིན། མཐུན་རྐྱེན་གཞན་ཅི་ཡང་མེད་པའི་གནས་ཚུལ་འོག་ཏུ། ཨེ་ཙི་ནད་དུག་མ་བུའི་བར་འགོ་ཚད་ནི། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཏུ་འགོ་ཚད25%~40%ཡིན་པ་དང་། དར་རྒྱས་ཆེ་བའི་རྒྱལ་ཁབ་ཏུ་འགོ་ཚད15%~25%ཡིན། ཨ་ཧྥེ་རི་ཁ་ཡིས་འཛམ་གླིང་མི་གྲངས་ཀྱི10%ཙམ་ལས་ཟིན་མེད་ནའང་ས་ཁུལ་དེའི་ཨེ་ཙི་ནད་འགོས་པའི་བྱིས་པའི་གྲངས་ཀས་འཛམ་གླིང་གི90%ཙམ་ཟིན་ཡོད། སྣང་ཚུལ་འདི་འདྲ་འབྱུང་བའི་རྐྱེན་གཙོ་བོ་ནི་ཨ་ཧྥེ་རི་ཁའི་སྦྲུམ་མར་ཨེ་ཙི་ནད་དུག་འགོས་ཚད་མང་(40%)ལ་བཙའ་གྲངས་མང་བ་དང་། ད་དུང་མ་བུའི་བར་འགོ་བ་འགོག་བྱེད་ཀྱི་གོ་ཆོད་པའི་བྱེད་ཐབས་མ་སྤྱད་པ་དེ་ཡིན།

        母婴传播是婴儿和儿童感染艾滋病病毒的主要途径,新生儿艾滋病病毒感染约有90%是通过母婴传播而获得的。在无任何干预情况下,艾滋病病毒经母婴传播的自然发生率,在发展中国家为25%~40%,在发达国家为15%~25%。尽管非洲只占全球人口的10%,但该地区的感染儿童数却占全球的近90%。出现这种现象的主要原因是由于非洲孕妇艾滋病病毒感染率高(为40%)及高人口出生率,也未采取有效的母婴传播阻断措施造成的。

        ཨེ་ཙི་ནད་དུག་མ་བུའི་བར་འགོ་བ་ནི་བུ་རོགས་དང་། ཕྲུ་གུ་སྐྱེ་བ། ནུ་མ་ལྡུད་པ་བཅས་འགོ་ལམ་གསུམ་ཡོད་ལ། དེ་ལས་ཕྲུ་གུ་སྐྱེ་སྐབས་འགོས་པ་ཡིས70%ཙམ་ཟིན་ཡོད། འགོག་ཐབ་གཙོ་བོ་ནི་ནད་དུག་འགོག་པའི་སྨན་རྫས་བཀོལ་བ་དང་། ཁོག་པ་གཤགས་ནས་ཕྲུ་གུ་སྐྱེ་བ། མིའི་ཐབས་ཀྱིས་ནུ་མ་ལྡུད་པ་བཅས་ཡོད། ཕྱོགས་བསྡུས་འགོག་ཐབས་བཀོལ་རྗེས་མ་བུའི་བར་འགོས་ཚད8%~10%ཙམ་ལ་ཇེ་ཉུང་དུ་གཏོང་ཐུབ་ལ། ཐ་ན2%མན་དུ་ཚོད་འཛིན་བྱེད་ཀྱང་ཐུབ།

        艾滋病病毒母婴传播可通过胎盘、分娩和母乳喂养三条途径,其中分娩时感染约占70%。主要的干预措施包括抗病毒药物的应用、选择性剖腹产和人工喂养。进行综合干预后,母婴传播率可降到8%~10%,甚至可控制在2%以内。

རྒྱུན་ལྡན་འཚོ་བའི་ཁྲོད་ཀྱི་ཐུག་འཕྲད་ལས་ཨེ་ཙི་ནད་འགོ་སྲིད་དམ།

日常生活接触会感染艾滋病病毒吗?

        རྒྱུན་ལྡན་འཚོ་བའི་ཁྲོད་ཀྱི་ཐུག་འཕྲད་ལས་ཨེ་ཙི་ནད་དུག་འགོ་མི་སྲིད་པ་ཡིན། གཤམ་དུ་བྱ་སྤྱོད་འདི་དག་ལས་ཨེ་ཙི་ནད་དུག་འགོ་མི་སྲིད།

        日常生活接触是不会感染艾滋病病毒的。下面这些行为,都不会传播艾滋病病毒。

        ⑴ ཨེ་ཙི་ནད་དུག་འགོས་ཡོད་པའི་མི་ལ་ལག་འཇུ་བྱས་པ་དང་། འཐམ་འཁྱུད་བྱས་པ། རེག་པ། གུས་ཚུལ་གྱི་འོ་བྱེད་པ།

        (1)与艾滋病病毒感染者握手、拥抱、抚摸、礼节性接吻;

        ⑵ ཨེ་ཙི་ནད་དུག་འགོས་ཡོད་པའི་མི་དང་མཉམ་དུ་ཟ་མ་ཟ་བ་དང་། བཏུང་བ་འཐུང་བ། དཀར་ཡོལ་དང་ཐུར་མ། ཕོར་བ་བཅས་གཅིག་བཀོལ་བ།

        (2)与艾滋病病毒感染者一起吃饭、喝饮料以及共用碗筷、杯子;

        ⑶ ཨེ་ཙི་ནད་དུག་འགོས་ཡོད་པའི་མི་དང་མཉམ་དུ་སྤྱི་བའི་ཡོ་བྱད་བཀོལ་བ་སྟེ། དཔེར་ན་སྤྱོད་ཁང་དང་། ཆུ་རྐྱལ་རྫིང་བུ། འཁྲུས་ཁང་། ཁ་པར། སྤྱི་སྤྱོད་རླངས་འཁོར་ལྟ་བུ།

        (3)与艾滋病病毒感染者一起使用公共设施,如厕所、游泳池、公共浴池、电话机、公共汽车;

        ⑷ ཨེ་ཙི་ནད་དུག་འགོས་ཡོད་པའི་མི་དང་མཉམ་དུ་བསྡད་པ་དང་། ངལ་རྩོལ་བྱེད་པ། ངལ་རྩལ་ཡོ་བྱད་མཉམ་དུ་བཀོལ་བ།

        (4)与艾滋病病毒感染者一起居住、劳动、共用劳动工具;

        ⑸ མཉམ་དུ་དངོས་པོ་ཉོ་བ་དང་སྒོར་བ་བཀོལ་བ།

        (5)购物、使用钞票;

        ⑹ ལུ་བ་དང་རྣ་སྦྲིད་བརྒྱབ་པ། མིག་ཆུ། རྔུལ་ཆུ། གཅིན།

        (6)咳嗽、打喷嚏、流泪、出汗、撒尿;

        ⑺ དུག་སྦྲང་དང་། ཤ་སྦྲང་། འབུ་ཀྲང་ལང་སོགས་ཀྱིས་རྨུགས་པ།

        (7)蚊子、苍蝇、蟑螂等昆虫叮咬。

ཉེ་འཁོར་གྱི་ཨེ་ཙི་ནད་དུག་འགོས་པའི་མི་ལ་ལྟ་སྟངས་ཅི་འདྲ་ཞིག་འཛིན་དགོས།

怎样对待身边的艾滋病病毒感染者?

         ཁོ་ཚོར་འཚོ་བར་ཡིད་མི་ཆད་པ་དང་ནད་ལས་རྒྱལ་བའི་བསམ་བློ་སྐྱེས་སུ་འཇུག་པ། ཁོ་ཚོ་དང་མཉམ་དུ་ངལ་རྩོལ་དང་བྱ་བ་སྒྲུབ་པ། སློབ་སྦྱོང་བཅས་བྱས་ཏེ་སེམས་སྡུག་དང་ཡིད་ཆད་པའི་བསམ་བློ་མི་འབྱུང་བར་བྱ་དགོས། གལ་ཏེ་ཉེ་འཁོར་ཨེ་ཙི་ནད་དུག་འགོས་པའི་མི་ཡོད་ན་དེར་སྐྲག་མི་རུང་ལ། མཐོང་ཆུང་དང་དམའ་འབེབས་དེ་བས་ཀྱང་བྱེད་མི་རུང་། ཨེ་ཙི་ནད་དུག་འགོས་པའི་མི་ལ་ལྟ་སྟངས་ཡང་དག་འཛིན་སྟངས་ནི། རོགས་རམ་དང་སེམས་ཁུར་བྱ་དགོས་པར་མ་ཟད། ཁོ་ཚོར་ཅི་ཐུབ་ཀྱིས་རོགས་རམ་བྱས་ནས་རྒྱུན་ལྟར་འཚོ་བ་རོལ་བ་དང་བྱ་བ་སྒྲུབ་པ། ཁོ་ཚོའི་ནད་གང་སར་མི་བསྒྲགས་པ་བཅས་བྱ་དགོས། གལ་ཏེ་མི་གཞན་པ་ཁོ་ཚོའི་ནད་ལ་སྐྲག་པའི་གནས་ཚུལ་བྱུང་ན་ང་ཚོས་མགོ་ཁྲིད་ནས་ཁོ་ཚོའི་ཁྱིམ་ལ་སོང་སྟེ་ཁོ་ཚོར་ལག་འཇུ་བྱ་དགོས།

        帮助他们树立生活的信心和战胜疾病的勇气,和他们一起劳动、工作和学习,从而消除他们的恐惧感和自卑心理。如果身边发现了艾滋病病毒感染者,不用害怕,更不能看不起、排斥他们。对待艾滋病病毒感染者的正确态度是:同情、关心并尽力帮助他们,使他们能够正常生活和工作,不扩散他们的病情。如果别人对他们感到恐惧,我们可以带头到他们的家里去,跟他们握手。

        "གོས་མདུད་དམར་པོ"ཡི་བྱ་འགུལ་གྱིས་ཨེ་ཙི་ནད་དུག་འགོས་པའི་མི་དང་ནད་པར་སེམས་ཁུར་དང་རོགས་རམ་བྱ་དགོས་པ་མཚོན་པ་དང་། ཚེ་སྲོག་ལ་དགའ་ཞིང་འདྲ་མཉམ་གྱི་འདུན་པ་མཚོན་པ། "སེམས"གཏིང་ནས་ཨེ་ཙི་ནད་འགོག་བཅོས་བྱ་བར་ཞུགས་དགོས་པ་མཚོན།

        "红丝带"行动象征着对爱滋病病毒感染者和患者的关心和帮助,象征着对生命的热爱和对平等的渴望,象征着要用"心"来参与艾滋病防治工作。

ཨེ་ཙི་ནད་དུག་འགོས་པའི་མིས་ཇི་ལྟར་མི་གཞན་པར་འབྲེལ་འདྲིས་བྱ་དགོས།

艾滋病病毒感染者怎样与人相处?

        ཨེ་ཙི་ནད་དུག་འགོས་པའི་མིས་རང་གིས་རང་ལ་གཅེས་སྤྲས་བྱ་དགོས་པར་མ་ཟད། མི་གཞན་ལའང་གཅེས་སྤྲས་བྱ་དགོས། རང་གིས་རང་ལ་མཐོང་ཆུང་མ་བྱས་ཚེ། མི་གཞན་པས་ཀྱང་ཁྱོད་ལ་མཐོང་ཆུང་བྱེད་མི་སྲིད།

        艾滋病病毒感染者除了要善待自己,还应善待他人,只有不歧视自己,才不会被别人歧视:

        ⑴ནད་གཞི་སྦ་གསང་མེད་པར་རང་གི་ཆགས་སྤྱོད་ཟླ་བོལ་བརྗོད་དགོས། ཨེ་ཙི་ནད་དུག་འགོས་རུང་ཆགས་སྲེད་སྔར་བཞིན་ཡོད་ལ། ཆགས་སྤྱོད་བྱས་ཀྱང་ཆོག འོན་ཀྱང་རང་ལ་འགོས་པའི་གནས་ཚུལ་ཕ་རོལ་ལ་བརྗོད་དགོས་པར་མ་ཟད། བདེ་འཇགས་ཀྱི་ཆགས་སྤྱོད་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། མཚན་ཤུབས་ཡང་དག་ངང་བཀོལ་ན་ནད་དུག་ཕ་རོལ་ལ་མི་འགོ་བ་ཡིན།

        (1)要将病情如实告诉自己的性伴侣。感染了艾滋病病毒,照样还有性的需要,也可以过性生活。但是,应该将自己的感染情况告诉对方,并一定要坚持安全性生活的原则,正确使用安全套,这样就不会把病毒传染给对方;

        ⑵ རང་གི་ཆགས་སྤྱོད་ཟླ་བོ་དེ་འཕྲོད་བསྟེན་སྡེ་ཁག་ཏུ་ཨེ་ཙི་ནད་དུག་འགོས་ཡོད་མེད་ལ་ཞིབ་བཤེར་བྱེད་དུ་འགྲོ་བར་སྐུལ་སློང་བྱ་དགོས།

        (2)动员自己的性伴侣去卫生机构检测艾滋病病毒 ;

        ⑶ རང་གི་ཆགས་སྤྱོད་ཟླ་བོ་དང་སྨན་པ་ལས་གཞན་སུལའང་ན་ཚུལ་གསང་ཆོག་སྟེ། མི་གཞན་ལ་ཨེ་ཙི་ནད་དུག་འགོ་བའི་ཉེན་ཁའི་བྱ་སྤྱོད་མ་སྒྲུབ་པས་ཆོག

        (3)除了告诉性伴侣和医生,可以不向其他任何人透露病情,只要你不与他们发生感染艾滋病病毒的高危险行为就行了;

        ⑷ བཅའ་ཁྲིམས་ནང་དུ་ཨེ་ཙི་ནད་དུག་བསམ་བཞིན་དུ་གཞན་ལ་བསྒོ་བ་ནི་ནག་ཉེས་ཀྱི་བྱ་སྤྱོད་ཅིག་ཡིན་པས། ཨེ་ཙི་ནད་དུག་བསམ་བཞིན་དུ་མི་གཞན་ལ་བསྒོ་མི་རུང་།

        (4)法律规定,故意传播艾滋病病毒是一种犯罪行为,因此,决不能将艾滋病病毒故意传染给他人;

        ⑸ སྨན་ཁབ་རྒྱག་བྱེད་ཁབ་མགོ་དང་། ཁ་སྤུ་བཞར་ཆས། སོ་འཁྲུད་ཆས་སོགས་དངོས་པོ་གཞན་དང་མཉམ་དུ་སྤྱོད་མི་རུང་།

        (5)不与他人共用针头、剃须刀、牙刷等物品;

        ⑹ ཁྲག་དང་དབང་བོ་སྣ་ལྔ། ཁམས་དཀར་སོགས་གཞན་ལ་སྟེར་མི་རུང་། འདི་ལྟར་བྱས་ན་ཉེ་འཁོར་གྱི་མི་ཀུན་གྱིས་ཁྱོད་ལ་བརྩི་བཀུར་བྱེད་ངེས་ཡིན་ལ། རང་གི་རྒྱུན་ལྡན་གྱི་འཚོ་བ་དང་བྱ་བ་ལའང་ཕན་པ་ཡོད།

        (6)不捐献血液、人体器官和精子。这样的行为能够使你赢得周围群众的尊重,从而有利于自己的正常生活和工作。