མགོ་ཤོག  > ཚན་རྩལ་ཁྱབ་གདལ་སློབ་གསོ། > ནོར་ལུག་ཚོ་འབུད་བར་གསོ་བའི།

  ནོར་ལུག་ཚོ་འབུད་བར་གསོ་བའི།  

ནོར་ལུག་ཚོ་འབུད་བར་གསོ་བའི་ལག་རྩལ་ཤེས་བྱ་གནད་བསྡུས།

  1. ནོར་ལུག་ཚོ་འབུད་བར་གསོ་བའི་ལག་རྩལ་ཤེས་བྱ་གནད་བསྡུས།

            ལུག་ཚོ་འབུད་བར་གསོ་བ་ནི་དུས་ཚོད་ཐུང་ཞིང་འགྲོ་སྒོ་དམའ་བ།རྒྱུ་སྤུས་བཟང་བ།ཤ་མང་བའི་གསོ་ཐབས་ཤིག་ཡིན།
  2. ནོར་ལུག་ཚོ་འབུད་བར་གསོ་བའི་ལག་རྩལ་ཤེས་བྱ་གནད་བསྡུས།

            ལུག་ཚོ་འབུད་བར་གསོ་བ་ནི་དུས་ཚོད་ཐུང་ཞིང་འགྲོ་སྒོ་དམའ་བ།རྒྱུ་སྤུས་བཟང་བ།ཤ་མང་བའི་གསོ་ཐབས་ཤིག་ཡིན།
  3. ནོར་ལུག་ཚོ་འབུད་བར་གསོ་བའི་ལག་རྩལ་ཤེས་བྱ་གནད་བསྡུས།

            ལུག་ཚོ་འབུད་བར་གསོ་བ་ནི་དུས་ཚོད་ཐུང་ཞིང་འགྲོ་སྒོ་དམའ་བ།རྒྱུ་སྤུས་བཟང་བ།ཤ་མང་བའི་གསོ་ཐབས་ཤིག་ཡིན།
  4. ནོར་ལུག་ཚོ་འབུད་བར་གསོ་བའི་ལག་རྩལ་ཤེས་བྱ་གནད་བསྡུས།

            ལུག་ཚོ་འབུད་བར་གསོ་བ་ནི་དུས་ཚོད་ཐུང་ཞིང་འགྲོ་སྒོ་དམའ་བ།རྒྱུ་སྤུས་བཟང་བ།ཤ་མང་བའི་གསོ་ཐབས་ཤིག་ཡིན།
  5. ནོར་ལུག་ཚོ་འབུད་བར་གསོ་བའི་ལག་རྩལ་ཤེས་བྱ་གནད་བསྡུས།

            ལུག་ཚོ་འབུད་བར་གསོ་བ་ནི་དུས་ཚོད་ཐུང་ཞིང་འགྲོ་སྒོ་དམའ་བ།རྒྱུ་སྤུས་བཟང་བ།ཤ་མང་བའི་གསོ་ཐབས་ཤིག་ཡིན།
  6. ནོར་ལུག་ཚོ་འབུད་བར་གསོ་བའི་ལག་རྩལ་ཤེས་བྱ་གནད་བསྡུས།

            ལུག་ཚོ་འབུད་བར་གསོ་བ་ནི་དུས་ཚོད་ཐུང་ཞིང་འགྲོ་སྒོ་དམའ་བ།རྒྱུ་སྤུས་བཟང་བ།ཤ་མང་བའི་གསོ་ཐབས་ཤིག་ཡིན།
  7. ནོར་ལུག་ཚོ་འབུད་བར་གསོ་བའི་ལག་རྩལ་ཤེས་བྱ་གནད་བསྡུས།

            ལུག་ཚོ་འབུད་བར་གསོ་བ་ནི་དུས་ཚོད་ཐུང་ཞིང་འགྲོ་སྒོ་དམའ་བ།རྒྱུ་སྤུས་བཟང་བ།ཤ་མང་བའི་གསོ་ཐབས་ཤིག་ཡིན།
  8. ནོར་ལུག་ཚོ་འབུད་བར་གསོ་བའི་ལག་རྩལ་ཤེས་བྱ་གནད་བསྡུས།

            ལུག་ཚོ་འབུད་བར་གསོ་བ་ནི་དུས་ཚོད་ཐུང་ཞིང་འགྲོ་སྒོ་དམའ་བ།རྒྱུ་སྤུས་བཟང་བ།ཤ་མང་བའི་གསོ་ཐབས་ཤིག་ཡིན།
  9. ནོར་ལུག་ཚོ་འབུད་བར་གསོ་བའི་ལག་རྩལ་ཤེས་བྱ་གནད་བསྡུས།

            ལུག་ཚོ་འབུད་བར་གསོ་བ་ནི་དུས་ཚོད་ཐུང་ཞིང་འགྲོ་སྒོ་དམའ་བ།རྒྱུ་སྤུས་བཟང་བ།ཤ་མང་བའི་གསོ་ཐབས་ཤིག་ཡིན།
  10. ནོར་ལུག་ཚོ་འབུད་བར་གསོ་བའི་ལག་རྩལ་ཤེས་བྱ་གནད་བསྡུས།

            ལུག་ཚོ་འབུད་བར་གསོ་བ་ནི་དུས་ཚོད་ཐུང་ཞིང་འགྲོ་སྒོ་དམའ་བ།རྒྱུ་སྤུས་བཟང་བ།ཤ་མང་བའི་གསོ་ཐབས་ཤིག་ཡིན།
  11. ནོར་ལུག་ཚོ་འབུད་བར་གསོ་བའི་ལག་རྩལ་ཤེས་བྱ་གནད་བསྡུས།

            ལུག་ཚོ་འབུད་བར་གསོ་བ་ནི་དུས་ཚོད་ཐུང་ཞིང་འགྲོ་སྒོ་དམའ་བ།རྒྱུ་སྤུས་བཟང་བ།ཤ་མང་བའི་གསོ་ཐབས་ཤིག་ཡིན།
  12. ནོར་ལུག་ཚོ་འབུད་བར་གསོ་བའི་ལག་རྩལ་ཤེས་བྱ་གནད་བསྡུས།

            ལུག་ཚོ་འབུད་བར་གསོ་བ་ནི་དུས་ཚོད་ཐུང་ཞིང་འགྲོ་སྒོ་དམའ་བ།རྒྱུ་སྤུས་བཟང་བ།ཤ་མང་བའི་གསོ་ཐབས་ཤིག་ཡིན།
  13. ནོར་ལུག་ཚོ་འབུད་བར་གསོ་བའི་ལག་རྩལ་ཤེས་བྱ་གནད་བསྡུས།

            ལུག་ཚོ་འབུད་བར་གསོ་བ་ནི་དུས་ཚོད་ཐུང་ཞིང་འགྲོ་སྒོ་དམའ་བ།རྒྱུ་སྤུས་བཟང་བ།ཤ་མང་བའི་གསོ་ཐབས་ཤིག་ཡིན།
  14. ནོར་ལུག་ཚོ་འབུད་བར་གསོ་བའི་ལག་རྩལ་ཤེས་བྱ་གནད་བསྡུས།

            ལུག་ཚོ་འབུད་བར་གསོ་བ་ནི་དུས་ཚོད་ཐུང་ཞིང་འགྲོ་སྒོ་དམའ་བ།རྒྱུ་སྤུས་བཟང་བ།ཤ་མང་བའི་གསོ་ཐབས་ཤིག་ཡིན།
  15. ནོར་ལུག་ཚོ་འབུད་བར་གསོ་བའི་ལག་རྩལ་ཤེས་བྱ་གནད་བསྡུས།

            ལུག་ཚོ་འབུད་བར་གསོ་བ་ནི་དུས་ཚོད་ཐུང་ཞིང་འགྲོ་སྒོ་དམའ་བ།རྒྱུ་སྤུས་བཟང་བ།ཤ་མང་བའི་གསོ་ཐབས་ཤིག་ཡིན།
  16. ནོར་ལུག་ཚོ་འབུད་བར་གསོ་བའི་ལག་རྩལ་ཤེས་བྱ་གནད་བསྡུས།

            ལུག་ཚོ་འབུད་བར་གསོ་བ་ནི་དུས་ཚོད་ཐུང་ཞིང་འགྲོ་སྒོ་དམའ་བ།རྒྱུ་སྤུས་བཟང་བ།ཤ་མང་བའི་གསོ་ཐབས་ཤིག་ཡིན།
  17. ནོར་ལུག་ཚོ་འབུད་བར་གསོ་བའི་ལག་རྩལ་ཤེས་བྱ་གནད་བསྡུས།

            ལུག་ཚོ་འབུད་བར་གསོ་བ་ནི་དུས་ཚོད་ཐུང་ཞིང་འགྲོ་སྒོ་དམའ་བ།རྒྱུ་སྤུས་བཟང་བ།ཤ་མང་བའི་གསོ་ཐབས་ཤིག་ཡིན།
  18. ནོར་ལུག་ཚོ་འབུད་བར་གསོ་བའི་ལག་རྩལ་ཤེས་བྱ་གནད་བསྡུས།

            ལུག་ཚོ་འབུད་བར་གསོ་བ་ནི་དུས་ཚོད་ཐུང་ཞིང་འགྲོ་སྒོ་དམའ་བ།རྒྱུ་སྤུས་བཟང་བ།ཤ་མང་བའི་གསོ་ཐབས་ཤིག་ཡིན།
  19. ནོར་ལུག་ཚོ་འབུད་བར་གསོ་བའི་ལག་རྩལ་ཤེས་བྱ་གནད་བསྡུས།

            ལུག་ཚོ་འབུད་བར་གསོ་བ་ནི་དུས་ཚོད་ཐུང་ཞིང་འགྲོ་སྒོ་དམའ་བ།རྒྱུ་སྤུས་བཟང་བ།ཤ་མང་བའི་གསོ་ཐབས་ཤིག་ཡིན།
  20. ནོར་ལུག་ཚོ་འབུད་བར་གསོ་བའི་ལག་རྩལ་ཤེས་བྱ་གནད་བསྡུས།

            ལུག་ཚོ་འབུད་བར་གསོ་བ་ནི་དུས་ཚོད་ཐུང་ཞིང་འགྲོ་སྒོ་དམའ་བ།རྒྱུ་སྤུས་བཟང་བ།ཤ་མང་བའི་གསོ་ཐབས་ཤིག་ཡིན།
  21. ནོར་ལུག་ཚོ་འབུད་བར་གསོ་བའི་ལག་རྩལ་ཤེས་བྱ་གནད་བསྡུས།

            ལུག་ཚོ་འབུད་བར་གསོ་བ་ནི་དུས་ཚོད་ཐུང་ཞིང་འགྲོ་སྒོ་དམའ་བ།རྒྱུ་སྤུས་བཟང་བ།ཤ་མང་བའི་གསོ་ཐབས་ཤིག་ཡིན།
  22. ནོར་ལུག་ཚོ་འབུད་བར་གསོ་བའི་ལག་རྩལ་ཤེས་བྱ་གནད་བསྡུས།

            ལུག་ཚོ་འབུད་བར་གསོ་བ་ནི་དུས་ཚོད་ཐུང་ཞིང་འགྲོ་སྒོ་དམའ་བ།རྒྱུ་སྤུས་བཟང་བ།ཤ་མང་བའི་གསོ་ཐབས་ཤིག་ཡིན།
  23. ནོར་ལུག་ཚོ་འབུད་བར་གསོ་བའི་ལག་རྩལ་ཤེས་བྱ་གནད་བསྡུས།

            ལུག་ཚོ་འབུད་བར་གསོ་བ་ནི་དུས་ཚོད་ཐུང་ཞིང་འགྲོ་སྒོ་དམའ་བ།རྒྱུ་སྤུས་བཟང་བ།ཤ་མང་བའི་གསོ་ཐབས་ཤིག་ཡིན།
  24. ནོར་ལུག་ཚོ་འབུད་བར་གསོ་བའི་ལག་རྩལ་ཤེས་བྱ་གནད་བསྡུས།

            ལུག་ཚོ་འབུད་བར་གསོ་བ་ནི་དུས་ཚོད་ཐུང་ཞིང་འགྲོ་སྒོ་དམའ་བ།རྒྱུ་སྤུས་བཟང་བ།ཤ་མང་བའི་གསོ་ཐབས་ཤིག་ཡིན།
  25. ནོར་ལུག་ཚོ་འབུད་བར་གསོ་བའི་ལག་རྩལ་ཤེས་བྱ་གནད་བསྡུས།

            ལུག་ཚོ་འབུད་བར་གསོ་བ་ནི་དུས་ཚོད་ཐུང་ཞིང་འགྲོ་སྒོ་དམའ་བ།རྒྱུ་སྤུས་བཟང་བ།ཤ་མང་བའི་གསོ་ཐབས་ཤིག་ཡིན།
  26. ནོར་ལུག་ཚོ་འབུད་བར་གསོ་བའི་ལག་རྩལ་ཤེས་བྱ་གནད་བསྡུས།

            ལུག་ཚོ་འབུད་བར་གསོ་བ་ནི་དུས་ཚོད་ཐུང་ཞིང་འགྲོ་སྒོ་དམའ་བ།རྒྱུ་སྤུས་བཟང་བ།ཤ་མང་བའི་གསོ་ཐབས་ཤིག་ཡིན།
  27. ནོར་ལུག་ཚོ་འབུད་བར་གསོ་བའི་ལག་རྩལ་ཤེས་བྱ་གནད་བསྡུས།

            ལུག་ཚོ་འབུད་བར་གསོ་བ་ནི་དུས་ཚོད་ཐུང་ཞིང་འགྲོ་སྒོ་དམའ་བ།རྒྱུ་སྤུས་བཟང་བ།ཤ་མང་བའི་གསོ་ཐབས་ཤིག་ཡིན།
  28. ནོར་ལུག་ཚོ་འབུད་བར་གསོ་བའི་ལག་རྩལ་ཤེས་བྱ་གནད་བསྡུས།

            ལུག་ཚོ་འབུད་བར་གསོ་བ་ནི་དུས་ཚོད་ཐུང་ཞིང་འགྲོ་སྒོ་དམའ་བ།རྒྱུ་སྤུས་བཟང་བ།ཤ་མང་བའི་གསོ་ཐབས་ཤིག་ཡིན།
  29. ནོར་ལུག་ཚོ་འབུད་བར་གསོ་བའི་ལག་རྩལ་ཤེས་བྱ་གནད་བསྡུས།

            ལུག་ཚོ་འབུད་བར་གསོ་བ་ནི་དུས་ཚོད་ཐུང་ཞིང་འགྲོ་སྒོ་དམའ་བ།རྒྱུ་སྤུས་བཟང་བ།ཤ་མང་བའི་གསོ་ཐབས་ཤིག་ཡིན།
  30. ནོར་ལུག་ཚོ་འབུད་བར་གསོ་བའི་ལག་རྩལ་ཤེས་བྱ་གནད་བསྡུས།

            ལུག་ཚོ་འབུད་བར་གསོ་བ་ནི་དུས་ཚོད་ཐུང་ཞིང་འགྲོ་སྒོ་དམའ་བ།རྒྱུ་སྤུས་བཟང་བ།ཤ་མང་བའི་གསོ་ཐབས་ཤིག་ཡིན།
  31. ནོར་ལུག་ཚོ་འབུད་བར་གསོ་བའི་ལག་རྩལ་ཤེས་བྱ་གནད་བསྡུས།

            ལུག་ཚོ་འབུད་བར་གསོ་བ་ནི་དུས་ཚོད་ཐུང་ཞིང་འགྲོ་སྒོ་དམའ་བ།རྒྱུ་སྤུས་བཟང་བ།ཤ་མང་བའི་གསོ་ཐབས་ཤིག་ཡིན།
  32. ནོར་ལུག་ཚོ་འབུད་བར་གསོ་བའི་ལག་རྩལ་ཤེས་བྱ་གནད་བསྡུས།

            ལུག་ཚོ་འབུད་བར་གསོ་བ་ནི་དུས་ཚོད་ཐུང་ཞིང་འགྲོ་སྒོ་དམའ་བ།རྒྱུ་སྤུས་བཟང་བ།ཤ་མང་བའི་གསོ་ཐབས་ཤིག་ཡིན།

གཅིག ཤ་ལུག་མྱུར་དུ་ཚོ་འབུད་བར་གསོ་བའི་ཐབས།

一、肉羊快速育肥方法

        ལུག་ཚོ་འབུད་བར་གསོ་བ་ནི་དུས་ཚོད་ཐུང་ཞིང་འགྲོ་སྒོ་དམའ་བ།རྒྱུ་སྤུས་བཟང་བ།ཤ་མང་བའི་གསོ་ཐབས་ཤིག་ཡིན།

        羊的育肥是为了在短时间内,用低廉的成本,获得品质好,数量多的羊肉。

         1.ལུག་མ་གསོས་གོངདུ་ལུག་དང་འབྲེལ་བ་ཡོད་པའི་གནད་དོན་ཇི་ལྟར་ཐག་གཅོད་དགོས།

         1. 育肥前对羊如何进行处理?

        (1)ལུག་ལ་ནད་ཡོད་མེད་ཞིབ་བཤེར་བྱས་ནས་ནད་མེད་ཚེ་གསོ་དགོས།

        (1)对羊进行健康检查,无病者方可进行育肥。

        (2)ལུག་ནི་ཕོ་མོ་དང་།ལོ་ན།རིགས་བཅས་ལྟར་དབྱེ་བ་འགེར་དགོས།

        (2)把羊按性别、年龄和品种进行分类组群。

        (3)ལུག་གི་ལུས་སྟེང་གི་འབུ་མེད་པར་གཏོང་བ་དང་།སྨན་གྱིས་བཀྲུ་བ།རིམས་འགོག་ཁབ་རྒྱག་པསོགས་བྱེད་དགོས།

        (3)对羊进行驱虫、药浴、预防注射等。

        (4)ཟླ་བ8ཅན་ཡན་ཆད་ཀྱི་ཕོ་ལུག་བྱ་བཅད་ནས་ར་དྲི་ལེན་པ་དང་གསོ་བར་ཕན་དགོས། ཟླ་བ8ཅན་མན་ཆད་ཀྱི་ཕོ་ལུག་བྱ་མ་བཅད་ན་ཤེད་འབུད་པར་གསོ་བདེ།

        (4)对8月龄以上的公羊进行去势,使羊肉不产生膻味和有利于育肥。对8月龄一下公羊不做去势,反而有利于育肥。

        (5)བལ་རིང་བའི་ལུ་གུ་མ་བཤས་གོང་ཟླ2ཀྱི་སྔོན་ལ་བལ་ཐེངས་གཅིག་བྲེགས་ན་གསོ་བར་ཕན།

        (5)毛较长的羔羊在屠宰前2月,剪毛一次,可多得2公斤羊毛,而且更有利于育肥。

2.ལུག་གསོ་ཐབས་གང་དག་ཡོད།

2.羊育肥方式有哪些?

        (1)ལུག་འཚོས་ནས་ཚོ་འབུད་པར་བྱེད་པ།

        (1)放牧育肥。

        འདི་ནི་འགྲོ་གྲོནཉུང་བའི་གསོ་ཐབས་ཤིག་རེད།རང་རྒྱལ་རོང་འབྲོག་ས་ཁུལ་གྱི་སྲོལ་རྒྱུན་གསོ་ཐབས་ཤིག་ཀྱང་རེད།འདི་ནི་གསོ་རྩིས་བྱེད་པའི་ལུག་རྣམས་རྒས་བཞོན་དང་ཕོ་མོ་ལྟར་ཁྱུ་བཀར་ནས་འཚོ་དགོས།ལུག་འཚོ་བའི་དུས་ཚོད་ནི་ཟླ5—10པ་ཡིན།སྐབས་འདིར་རྩྭ་ས་ལེགས་ཤིང་རྩྭའི་སྤུས་ཀ་བཟང་།ལུག་གིསཟོས་ན་ཚོ་འབུད་པ་མགྱོགས།དེ་ཡང་ལུ་གུ་རེས་ཉིན་རེར་རྩྭ་སྤྱི་རྒྱ4ཟ་བ་དང་།ལུག་རེས་རྩྭ་སྤྱི་རྒྱ7ཡན་ཆད་ཟ་དགོས།དེའི་བཟང་ཆ་ནི་མ་རྩ་དམའ་ཞིང་ཕན་ཐོགས་ཆེ།སྐྱོན་ཆ་ནི་གང་ལྟར་ཀྱངཅུང་བཟང་བའི་རྩྭ་ས་ཡོད་དགོས་པ་མཟད།རང་བྱུངརྒྱུ་རྐྱེན་གྱི་ཤུགས་རྐྱེན་ཐེབས་ཏེ།ཤའི་དྲི་མའང་ཐབས་གཞན་པས་ཟོས་པའི་དྲི་མ་དང་བསྡུར་ཐབས་མེད།

        这是最经济的育肥方式,也是我国牧区和农区传统的育肥方式。就是把准备育肥的羊,按老幼、性别分群,进行放牧育肥。育肥时期在5—10月份,这一时期,牧草丰茂、结实,羊吃了上膘快。要求羔羊每天吃到自然草4公斤以上,大羊吃到7公斤以上。该法优点是成本低和收效相对较高。缺点是必须要有较好的草场,且受自然因素干扰大,羊肉味也比不上其它方式育肥的好。

        (2)ལུག་རའི་ནང་དུ་གཟན་ཆས་ཀྱིས་གསོ་བ

        (2)舍饲育肥

         ལུག་མ་གསོས་གོང་གི་གནས་ཚུལ་གཞིར་བཟུང་ནས།ལུག་གསོ་བའི་ཚད་གཞི་དང་འཚོ་བཅུད་ལྟར་ལུག་གི་གཟན་ཆས་སྡེབ་སྒྲིག་བྱེད་དགོས་པ་མ་ཟད།ལུག་རའི་ནང་ལུག་གསོ་བའི་བྱེད་ཐབས་ཤིག་བསྒྲུབ་དགོས།བྱེད་ཐབས་འདི་བཀོལ་ན་མ་གནས་ཅུང་མཐོ་མོད།འོན་ཀྱང་ཚོང་རའི་དགོས་མཁོ་ལྟར་རྒྱ་ཆེན་པོ་བྱས་ནས་གསོས་ཆོག ལུག་ར་དང་སྒྲིག་ཆས། ངལ་རྩོལ་པ་སོགས་བེད་སྤྱོད་ལེགས་པོ་བྱས་ན་མ་གནས་ཇེ་དམའ་རུ་གཏོང་ཐུབ་པ་མ་ཟད།ལུག་ཆེ་ཞིང་ཤ་རྒྱགས་ལ་བཤས་རྗེས་ཀྱི་ལྗིད་ཚད་ནི་ཐབས་གཞན་གྱིས་གསོས་པ་ལས10%--20%ཙམ་མཐོ།ལུག་གསོ་བའི་དུས་ཚོདཡང་ཐུང་།སྤྱིར་བཏང་དུ་ཉིན30—60ནང་བཤའ་ཆོག ལུག་གི་ཉིན་རེའི་གཟན་ཆས་ནི་རྩྭ་ཆས་དང་གཟན་ཆས50%རེ་བྱས་ནས་སྟེར་དགོས།རབ་ཡིན་ན་རྩྭ་དང་གཟན་བསྲེས་ནས་སྟེར་དགོས།

        是根据羊育肥前的状态,按照饲养标准和营养价值配置羊的 饲喂日粮。并完全在羊舍内喂养的一种育肥方式。此法虽然饲料的成本相对较高,但可以根据市场的需要进行大规模、工厂化的养羊。只要合理利用房舍、设备和劳动力,也能降低一定的成本。而且,出栏活重和屠宰后的肉重比其它育肥方式高出10%--20%,育肥时间缩短,根据市场行情在育肥30—60天内迅速出栏。育肥羊日粮以混合精饲料和粗粮各占50%的配置较为合适。最好把草料配合在一起,加工成颗粒喂养。

        (3)ཕྱི་རུའཚོ་བ་དང་ཡུལ་དུ་གསོ་བ་གཉིས་མཉམ་འབྲེལ་བྱེད་པ།

        (3)混合育肥

        ཚོ་འབུད་སྟངས་འདི་ནི་ཕྱི་རུ་འཚོ་བ་དང་ཡུལ་དུ་གསོ་བ་གཉིས་མཉམ་འབྲེལ་བྱེད་པའི་ཐབས་ཤིག་ཡིན།དེ་ཡང་སྟོན་མཇུག་ཏུ་རྩྭ་བསྐམས་རྗེས་ཚོ་བུད་མེད་པའི་ལུག་རྣམས་ལོགས་སུ་བཀར་ནས་གཟན་ཆས་ཀྱིས་གསོ་དགོས། ཉིན30—40འགོར་རྗེས་བཤའ་ཆོག གནས་ཚུལ་གཞན་ཞིག་ནི་སྐབས་དེར་རྩྭ་ས་མི་ལེགས་ཤིང་། ཕྱི་རུའཚོ་བ་ཁོ་ནར་བརྟེན་ན་ཚོ་འབུད་མི་ཐུབ་པས། ལུག་ཁྱུ་ལ་ཕྱི་རུ་འཚོ་བ་དང་གཟན་ཆས་ཀྱིས་གསོ་བ་གཉིས་མཉམ་འབྲེལ་བྱེད་དགོས། འདི་ལྟར་བྱས་ན་ལུག་གསོ་བའི་དུས་ཚོད་ཐུང་ཞིང་། ཚོ་འབུད་ཐུབ་ཅིང་ཤ་ཡང་བཟང་།

        这种育肥方式是放牧和饲喂相结合的一种育肥方式。即,秋末草枯后,对那些未抓好瞟的羊进行分栏精饲喂养,30—40天后屠宰。另外一种情况是草场质量较差,单靠放牧不能达到育肥目的,故对羊群进行放牧加补饲喂的一种混合育肥方法。这样可以缩短育肥时间,提高肉羊肉量和羊肉品质。

3.ལུ་གུ་ཚོ་འབུད་པར་གསོ་བའི་རྒྱུ་མཚན་ཅི་ཡིན།

3.为什么要推广羔羊育肥?

        རང་རྒྱལ་དུ་མིག་སྔར་ལུག་གསོ་བའི་བྱེད་ཐབས་ནི་གཙོ་བོ་ཕྱི་རུ་འཚོ་བ་ཡིན། ལུག་མང་དྲགས་པས་རྩྭ་སར་ཉམས་རྒུད་དུ་གྱུར།ཡིན་ནའང་ལུག་གསོ་བའི་མ་གནས་མཐོ་ཞིང་ལུག་ཤ་ཐོན་ཚད་ དམའ་ལ་ལུག་གསོ་མཁན་གྱི་ཡོང་སྒོ་དམའ། ཕྱི་རྒྱལ་གྱི་ལུག་ཤ་ཐོན་ཚད་མཐོ་བའི་རྒྱལ་ཁབ་ཁ་ཤས་ཀྱིས་ཉེ་བའི་ལོ་འགའི་ནང་ལུ་གུ་གསོ་བའི་ཐབས་ལམ་ཞིག་བཙལ་ནས།ལུག་ཤ་ཐོན་ཚད་སྔར་ལས་ཇེ་མཐོར་སོང་ཞིང་།ཡོང་སྒོ་ཡང་ལྡབ་འགྱུར་གྱིས་འཕར། ལུག་གསོ་བའི་ཡོང་སྒོའི2/3ནི་ལུ་གུ་གསོས་པ་ལས་བྱུང་། རང་རྒྱལ་གྱི་ལུག་གསོ་མཁས་བས་ལོ་མང་པོ་རིང་ལ་འཚོལ་ཞིབ་དང་ཞིབ་འཇུག་བྱས་མཐར། ལུ་གུ་ལོ་དེར་གསོས་ནས་ལོ་དེར་བཤས་ན།ལུག་ཤ་ཐོན་ཚད་ཇེ་མཐོར་གཏོང་ཐུབ་ལ། ལུག་གསོ་བའི་དཔལ་འབྱོར་གྱི་ཕན་འབྲས་ཀྱངཇེ་མཐོར་གཏོང་བའི་བྱེད་ཐབས་ཤིག་བཏོན།འདི་ནི་སྲོལ་རྒྱུན་གྱི་ལུག་གསོ་ཐབསཀྱི་བཅོས་སྒྱུར་ཞིག་ཀྱང་རེད།ལེགས་འགྲུབ་བྱུང་བའི་ཚའོ་ཡོན་ཞིན་ཧྥ་སོགས་ཁེ་ལས་ཀྱིས་ལུ་གུའི་ཤ་གསར་གཏོད་བྱས། ལུ་གུའི་ཤ་མཉེན་ཞིང་ཤ་ནགས་མང་ལ་ཚིལ་ཉུང་དྲི་མ་ཞིམ།ཟོས་རྗེས་འཇུ་སླ་བས།འཛད་སྤྱོད་བྱེད་མཁན་ཚང་མའི་དགའ་བསུ་ཐོབ།

        我国目前养羊方式主要以放牧为主,草原载畜量过大,草原退化较为严重,而且,养羊成本高,羊肉产量低,养羊户收入不高等问题较为突出。国外一些羊肉产量大国,近年来走羔羊育肥之路,使羊肉产量大大提高,收入成倍增长,养羊收入2/3来自于肥羔生产。我国的养羊专家经过多年的探索和研究,推行羔羊当年育肥、当年屠宰,是提高羊肉产量,提高养羊业经济效益的重要措施,也是对传统养羊业的一次改革。成功企业如草原兴发等,推出的小肥羊系列,以肉嫩、精肉多、脂肪少、味美、易消化等,深受广大消费者喜爱。

        (1)ལུ་གུ་གསོས་ན་ཁྱད་ཆོས་ཅི་ཞིག་ཡོད།

        (1)羔羊育肥有哪些优点?

        (2)ལུ་གུའི་ཤ་ཚོང་ར་རུ་གོང་ཆེ།སྤྱིར་བཏང་དུ་ལུག་ཆེ་བོའི་རིན་གོང་ལས30%ཡིས་མཐོ།

        ②羔羊肉市场价格高,一般比成年羊肉高出30%以上。

        (3)ལུ་གུ་ནི་ལོ་དེར་བཤའ་ཆོག དེ་ཡང་ལུག་འཁོར་སྐྱོད་བྱེད་པ་མགྱོགས་ཤིང་ཐོན་སྐྱེད་དུས་ཚོད་ཇེ་ཐུང་དུ་བཏང་བས།ཕྱིར་འཚོང་བའི་གྲངས་ཀ་དང་ཤ་ཐོན་ཚད་ཇེ་མཐོར་བཏང་།

        ③羔羊当年屠宰,加快了羊群周转,缩短了生产周期,提高出栏率和产肉率。

        (4)ལུ་གུ་ནི་ལོ་དེར་བཤའ་དགོས་པས། དགུན་རྒལ་བའི་མི་ཤུགས་དང་དངོས་ཤུགས་གྲོན་ཆུང་བྱས་ཤིང་ལུ་གུ་ཤི་བ་ཡང་ཉུང་།

        ④羔羊当年屠宰减轻了越冬渡春的人力物力,减少死亡的损失。

        (5)ཤ་གཟན་ལུག་ཇེ་ཉུང་དུ་བཏང་ནས་ལུག་ཁྱུ་གྲུབ་ཚུལ་བསྒྱུར་ཅིང་མ་མོ་ཇེ་མང་དུ་བཏང་སྟེ་ལུ་གུ་བཙའ་བར་ཕན།

        ⑤减少了羯羊饲养数量,改变了羊群结构,增加了母羊数量,有利于产更多的羔羊。

        (6)ཟླ6—9ཅན་གྱི་ལུ་གུའི་ཚ་རུ་ནི་སྤུ་ཡག་ལ་རིན་གོང་ཡང་མཐོ་བས་ཡོང་སྒོ་ཁ་སྣོན་བྱས།

        ⑥6—9月龄的羔羊皮、毛质量好、价格高,又多能增加一些收入。

        (2)ལུ་གུ་གསོ་བའི་དུས་ཚོད་ནམ་ཞིག་ལ་བྱེད་དགོས།

        (2)如何把握羔羊育肥时间?

        རྒྱུན་ལྡན་གྱི་གནས་ཚུལ་འོག ཤ་དང་བལ་གཉིས་བཀོལ་ཆོག་པའི་ལུ་གུ་ནི་ལོ་གཅིག་གི་ནང་དུ་ཟླ2—3ཡིན་ཚེ་ཉིན་རེར་ཤ་ཁེ300—400སྐྱེས།ཟླ4ཡིན་ཚེ་ལྗིད་ཚད་མར་འབབ།ཟླ5ཡིན་ཚེ་འགྱུར་ལྡོག་ཆེ་མེད་པར་ཉིན་རེར་ཤ་ཁེ130—150སྐྱེས། དེར་བརྟེན་ལུ་གུ་གསོ་བ་ནི་ཟླ2—4ཡིན་ཚེ་འགོ་བརྩམས་ཤིང་། བྱེད་ཐབས་སྣ་ཚོགས་བཀོལ་ནས་གསོས་ཏེ་ཉིན50ནང་ཚོ་འབུད་པར་བྱས་ནས་ཕྱིར་འཚོང་བའི་ཚད་གཞི་ལ་སླེབས་དགོས།

        在正常情况下,肉毛兼用羔羊,在周岁内,2—3月龄期间平均日增重最高,可达300—400克,4月龄急剧下降,5月龄后趋于稳定,日增重在130—150克。因此,羔羊育肥要从2—4月龄开始,采取一定措施进行强度育肥,定能在50天左右的育肥期内达到上市屠宰标准。

        (3)ལུ་གུ་ག་འདྲ་ཞིག་བདམས་ནས་གསོས་ན་ཕན་འབྲས་བཟང་།

        (3)选择怎样的羔羊育肥效果最好?

        འཛམ་གླིང་གི་ལུ་གུ་གསོ་བའི་ཞིབ་འཇུག་དང་རང་རྒྱལ་གྱི་ལུ་གུ་གསོ་བའི་ཉམས་མྱོང་ལ་བལྟས་ན། ལུ་གུ་གསོ་བར་ཆེས་ལེགས་ན་ཤ་ཞིམ་པའི་རིགས་དང་འདྲེས་སྡེབ་བྱས་པའི་རིགས་འདེམ་དགོས་པས།གཤམ་གྱི་བྱ་བ་སྒྲུབ་པར་འབད་བརྩོན་བྱེད་དགོས

        从世界羔羊育肥研究和我国羔羊育肥实践经验来看,育肥羔羊最好选用肉用品种及其杂种后代。因着力开展以下方面的工作:

        ①ཆེད་ལས་ཅན་གྱི་ལུག་གསོ་སྐྱོང་བྱས་ནས་གཟུགས་ཆེ་ཞིང་སྨིན་སྔ་བ།ཐེངས་གཅིག་ལ་མང་པོ་སྦྲུམ་པ། ཤ་ཞིམ་པའི་ལུག་དང་འདྲེས་སྡེབ་བྱེད་དགོས།

        ①培养专门化肉羊品种,并选用个大、早熟、多胎和肉用性能好的羊进行经济杂交。

        ②རྒྱུད་ལེགས་རྒྱུད་སྤེལ་འདྲེས་སྡེབ་མ་ལག་འཛུགས་དགོས།

        ②建立健全良种繁育杂交体系。

        ③རང་སའི་མ་མོ་ཁ་ཤས་དང་ཤ་བཀོལ་ལུག་ཁྲོམ་འདྲེས་སྡེབ་བྱས་ནས།ལུ་གུ་རྒྱུད་སྤེལ་བྱེད་པ་དང་རང་སའི་ཐོན་ཁུངས་བེད་སྤྱོད་བྱེད་དགོས།

        ③利用一部分当地肉羊品种与肉用品种公羊杂交,发展肥羔生产,多方面利用当地资源。

        ④འབྲོག་སར་རྒྱུད་སྤེལ་དང་རོང་སར་གསོ་བའི་བྱེད་ཐབས་བཀོལ་དགོས།

        ④实行草原区繁殖,农业区育肥,农牧结合的合理布局。

        ⑤ལེགས་བསྡུས་ཞིབ་གཉེར་ཅན་ལ་དགོས་ངེས་པའི་རྒྱུད་སྤེལ་ཚོད་འཛིན་ལག་རྩལ་དང་།རྒྱུད་སྤེལ་བྱེད་པའི་ལམ་ལུགས།གསོ་བའི་ཚད་གཞི།གཟན་ཆས་གྱི་སྡེབ་ཐོ།རྒྱུད་སྐྱོང་ལག་རྩལ།གཟན་ཆས་ལས་སྣོན་བྱེད་པའི་ལག་རྩལ། རིམས་ནད་སྔོན་འགོག་ལག་རྩལ་སོགས་ཞིབ་འཇུག་བྱེད་དགོས།

        ⑤研究集约化肥羔生产所必须的繁殖控制技术、繁殖利用制度、饲养标准、饲料配方、育种技术,饲料加工利用技术,以及疫病防治技术程序等。

        (4)ལུ་གུ་ཚོན་པོ་གསོ་བའི་ལག་རྩལ་དང་བྱེད་ཐབས་གང་དག་ཡོད།

        (4)肥羔生产的技术措施有哪些?

        ①གོང་བདེ་བའི་སྒོ་ནས་འདྲེས་སྡེབ་བྱེད་པ།ཐོན་སྐྱེད་ལས་ར་སྤྲོད་བྱུང་བ་སྟེ། སྨིན་སྔ་བའི་ཁྲོམ་བདམས་ནས། རྒྱུད་སྤེལ་གྱི་ནུས་པ་ཆེ་ཞིང་འོ་མ་མང་བའི་མ་མོ་དང་འདྲེས་སྡེབ་བྱས་ན། ལུ་གུ་ཐོན་སྐྱེད་བྱེད་པའི་ལག་རྩལ་བྱེད་ཐབས་གལ་ཆེན་ཞིག་རེད།

        ①开展经济杂交:生产实践证明,选择早熟品种的公羊,与繁殖力强、泌乳性能高的母羊杂交,是增加肥羔生产的重要技术措施。杂交品种个头大、成活率高、抗病力强、生长速度快,又能提高成年羊的繁殖力和产毛量等生产性能。

        ②སྔ་མོ་ནས་ནུ་མ་སྟེར་མཚམས་གཅོད་པ།སྔ་མོ་ནས་ནུ་མ་སྟེར་མཚམས་གཅོད་པ་ནི་དོན་དམ་དུ་ནུ་མ་སྟེར་བའི་དུས་ཚོད་ཚོད་འཛིན་བྱས་ནས། མ་མོས་ལུ་གུ་བཙའ་བའི་བར་སྐབས་དང་དུས་འཁོར་ཇེ་ཐུང་དུ་བཏང་སྟེ།ལོ་རེར་ལུ་གུ་ཐེངས2ནས3དང་།ཡང་ན་ཐེངས་རེར་ལུ་གུ་མང་པོ་བཙའ་བར་བྱེད་པའི་ལག་རྩལ་བྱེད་ཐབས་ཤིག་རེད། ལུ་གུར་ནུ་མ་སྟེར་མཚམས་གཅོད་པར་བྱེད་ཐབས་གཉིས་ཡོད་དེ།གཅིག་ནི་བཙས་ནས་གཟའ་འཁོར་གཅིག་འགོར་རྗེས་ནུ་མ་བཅད་ནས།མིས་འོ་མ་གཞན་གྱིས་གསོ་དགོས།གཉིས་ནི་གཟའ་འཁོར7འགོར་རྗེས་ནུ་མ་བཅད་ནས་གཟན་ཆས་གཞན་གྱིས་གསོ་བའམ་ཡངན་ཕྱིར་འཚོ་དགོས།

        ②早期断奶:早期断奶,实质上是控制哺乳期、缩短母羊产羔间隔和控制母羊繁殖周期,达到1年2胎或2年3胎、多胎多产的一项重要技术措施。羔羊早期断奶一般采取二种方式:其一,生后1周断奶,然后用代乳品进行人工育羔;其二,生后7周断奶,断奶后就可以全部饲喂植物性饲料或放牧。

        ③དུས་མཉམ་དུ་སྦྱིག་པ།དེ་ཡང་སྐུལ་རྫས་སྤྱད་ནས་མ་མོ་ལ་སྦྱིག་ཏུ་བཅུག་ན།སྡེབ་སྦྱོར་དང་ལུ་གུ་བཙའ་བའི་དུས་ཚོད་གཅིག་འདྲ་ཡིན་པས།ལུག་ཁྱུ་ལ་ཚོ་འབུད་པ་དང་དོ་དམ་བྱེད་་པར་ཕན་ཞིང་།མིས་ཁམས་དཀར་ལེན་རོགས་བྱེད་པ་དང་།ལུག་ཁྲོམ་བཟང་པོ་བེད་སྤྱོད་པར་ཕན།

        ③同期发情:利用激素使母羊在同一时期发情,可使配种、产羔时间集中,有利于羊群抓瞟、管理,还有利于发挥人工授精的优点,扩大优秀种公羊的利用。

        ④སྔ་མོ་ནས་སྡེབ་སྦྱོར་བྱེད་པ། དེ་ཡང་རྩྭ་ཆས་འདིང་ངེས་ཤིག་ཡོད་ཅིང་འཚོ་བཅུད་འོས་འཚམ་ཡིན་ན།མ་མོ་ཟླ6—8ཡིན་ཚེ་སྡེབ་སྦྱོར་བྱེད་ཆོག འདི་ལྟར་བྱས་ན་མ་མོར་ལུ་གུ་སྦྲུམ་པའི་དུས་ཚོད་ཟླ་འགའ་ཡང་ན་ལོ་གཅིག་སྔོན་དུ་ནུར་ནས།མ་མོས་ལུ་གུ་བཙའ་བའི་ལོ་ཇེ་རིང་དུ་བཏང་ཞིང་རྒྱུད་སྤེལ་གྱི་ནུས་ཤུགས་ཇེ་མཐོར་སོང་།

        ④早期配种:只要草料充足,营养合理,母羊可在6—8月龄时早期配种。这样可使母羊初配年龄提前数月或一年,延长了母羊使用年限,提高了繁殖力。

        ⑤ལུ་གུ་བཙའ་བར་སྐུལ་པ།མ་མོར་ལུ་གུ་སྦྲུམ་པའི་དུས་མཇུག་ཏུ།སྤྱིར་བཏང་དུ་ཉིན144ཡི་རྗེས་སུ།སྐུལ་རྫས་ཀྱིས་བསྐུལ་ནས་་སྔ་མོ་ནས་བཙའ་རུ་བཅུག་ན།ལུ་གུ་བཙའ་བའི་དུས་ཚོད་གཅིག་འདུས་ཡིན་ལ།རྒྱ་ཆེན་པོས་ཐོན་སྐྱེད་བྱེད་པར་ཕན་ཞིང་དོ་དམ་ལའང་སྟབས་བདེ།

        ⑤诱发分娩:在母羊怀孕末期,一般到144天后,用激素诱发提前分娩,使产羔时间集中,有利于大规模生产和周转,方便管理。方法是:傍晚注射糖皮质激素或类固酮激素,12小时后70%的母羊分娩。

        (5)ཁྱིམ་ཚང་གི་ལུག་དང་ལུ་གུ་གསོ་བའི་བྱེད་ཐབས་གང་དག་ཡོད།

        (5)家庭养羊户羔羊育肥方法有哪些?

        ལུ་གུ་གསོ་བར་དུས་རིམ་བགོས་ནས་གསོ་དགོས།ལུ་གུ་བཙས་ནས14ཡས་མས་འགོར་རྗེས་བཤའ་གཅོད་པ་དང་རྔ་མ་གཅོད་པར་བྱས་ནས་ ཆས་ཀྱིས་གསོ་དགོས། སྤྱིར་བཏང་དུ་མ་རྨོས་ལོ་ཏོག་དང་ཡུག་པོས་གསོས་ན་བཟང་། དེའི་སྡེབ་ཚུལ་ནི་མ་རྨོས་ལོ་ཏོག་སྐལ་6དང་སོ་བ་སྐལ2། པུ་ཙེ་སྐལ1། འབའ་ཆ་སྐལ1མཉམ་དུ་བསྲེས་ནས། སྤྱི་རྒྱ10རེར་འབུ་ཕྲ་འགོག་རྫས་ཁེ0.4དང་རུས་ཕྱེ་ཉུང་ཙམ་བསྲེས་ཏེ་སྟེར་དགོས། ཡུག་པོའི་རྩྭ་གང་འདོད་དུ་སྟེར་ཆོག ཉིན30འགོར་རྗེས་གཟན་ཆས་ཀྱིས་གསོ་བ་གཙོ་བོ་དང་། ནུ་མ་སྣུན་པ་ཕལ་བ་བྱས་ནས། གཟན་ཆས་རིགས་སྣ་མང་བྱེད་པ་དང་། ཉུང་ཙམ་བྱས་ནས་སྟེར་ཐེངས་མང་དགོས། ཉིན120འགོར་རྗེས་ནུ་མ་སྣུན་མཚམས་བཞག་ནས། གཟན་ཆས་ཀྱིས་གསོ་དགོས། ལུ་གུ་རར་བཅུག་ནས་གསོ་སྐབས། རའི་ནང་དུ་གཙང་དག་དང་དུག་སེལ་བྱས་ནས། ལུ་གུ་སྨན་གྱིས་འཁྲུད་པ་དང་འགོག་སྨན་རྒྱག་དགོས། གོ་རིམ་དང་པོ་ནི། ཐོག་མར་ཉིན14ཡས་མས་ལ་གཟན་ཆས་ཀྱིས་གསོ་བ། ཉིན་སྔོན་མ7ལ་རྩྭ་སྐམ་པོས་གསོ་བ་དང་། ཆུ་མང་པོ་འཐུང་དུ་བཅུག་ནས། ནུ་མ་སྣུན་མཚམས་འཇོག་པའི་སྔོན་གྱི་རྩྭ་ཆས་སྟེར་དགོས། ཉིན་རྗེས་མ7ལ་གོ་རིམ་གཉིས་ཏེ། ཐོག་མར་ཉིན་རེའི་རྩྭ་ཆས་ལ་ཟུར་ལྟ་བྱེད་དགོས། ནས་ཚག་25%དང་། རྩྭ་སྐམ65%、ཀ་ར5%、བཟའ་ཚྭ1%、འབུ་ཕྲ་འགོག་རྫས་ཧའོ་ཁེ50བཅས ་བསྲེས་ནས་ཉིན3གསོ་དགོས། དེའི་རྗེས་སུ་ནས་ཚག39%དང་། ཡུག་པོའི་རྩྭ50%、ཀ་ར5、བཟའ་ཚྭ1%、སྣུམ་འཁར5%དང་འབུ་ཕྲ་འགོག་རྫས་ཧའོ་ཁེ35བཅས་བསྲེས་ནས་ཉིན་4གསོ་དགོས། གོ་རིམ་གཉིས་པ་ནི་ཉིན60—80ལ་དངོས་སུ་ཚོ་འབུད་པར་གསོ་དགོས། དེ་ཡང་ནས་ཚག་སྤྱི་རྒྱ0.90དང་། ཡུག་པོའི་རྩྭ་སྤྱི་རྒྱ0.6、སྲན་ཚག་ཁེ24、འབུ་ཕྲ་འགོག་རྫས་ཧའོ་ཁེ40བཅས་བསྲེས་ནས། ལུ་གུ་རེར་སྤྱི་རྒྱ1.5རེ་བྱས་ནས་སྐལ་གཉིས་སུ་བགོ་དགོས་པ་དང་། ནངས་དགོང་ལ་ཐེངས་རེ་སྟེར་དགོས། དེ་ཡང་སྔོན་ལ་འབྲུ་ཆས་སྟེར་པ་དང་། རྗེས་སུ་རྩྭ་ཆས་སྟེར་དགོས། ཉིན་རེར་ཆུ་ཐེངས1—2སྟེར་བ་དང་ཡང་ན་རང་འདོད་ཀྱིས་འཐུང་དུ་འཇུག་དགོས། འཁྱགས་དུས་ཆུའི་དྲོད་ཚད8ལས་དམའ་མི་རུང་། རའི་ནང་དུ་གསོ་བའི་དུས་ཚོད་ཟླ9ལས་འགོར་མི་རུང་ལ། ཕྱི་རུ་བཙོང་བའི་སྐབས་སུ་སྤྱི་རྒྱ35ཡན་ཡིན་དགོས

        羔羊育肥应分阶段分步实施,羔羊出生后14天左右,去势、断尾,开始补饲,一般选择玉米和青燕麦较为合适,推荐配方是:玉米6份、燕麦2份、麦麸1份、豆饼1份,按比例整粒混合拌匀,每10公斤加0.4克抗菌素(金霉素或土霉素最好)和少量骨粉,燕麦青草另给;30天以后逐步以饲喂为主,哺乳为辅,饲料要求多样化,少给勤添,120天左右完全断奶进入育肥阶段。羔羊进圈前,对圈舍进行彻底清扫消毒,对羔羊全部进行药浴、驱虫和三联疫苗注射。第一步,先进行14天左右的预饲期,前7天多喂干草,多饮水,适当加喂断奶前配料。后7天分两部实施,先以参考日粮:碎青稞25%、干草65%、糖蜜5%、食盐1%、抗菌素50毫克,饲喂3天。然后以参考日粮:碎青稞39%、燕麦青干草50%、糖蜜5%、食盐1%、油饼5%和抗菌素35毫克,饲喂4天。第二步,正式育肥期60—80天,参考日粮:碎青稞0.90公斤、燕麦青干草0.61公斤、豌豆24克、抗菌素40毫克。每只羊按1.5公斤量饲喂,将总量分成两份,早晚各喂一次。先喂精料,吃完后再给干草。每天饮水1—2次或自由饮水,冷季水温不低于8度。舍饲育肥期不超过90天,出栏活重不低于35公斤。

4.ལུག་ཆེ་བོ་ཇི་ལྟར་ཚོ་འབུད་པར་གསོ་བ།

4.如何进行大羊的育肥?

        ཚོ་འབུད་པར་གསོ་དགོས་པའི་ལུག་ཆེ་བོ་མང་ཤས་ནི་ལུག་ཁྱུ་ལས་བདམས་པའི་ལུག་སོ་དྲུག་ཅན་ཡིན་པས། སྤྱིར་བཏང་དུ་ཟླ6—7པར་བལ་བྲེགས་རྗེས་གསོ་དགོས། གཞན་ཡང་ལུག་དེ་དག་ནར་སོན་ཡོད་པས། དུས་ཡུན་ཐུང་ངུ་ནང་ཤེད་འབུད་པ་དངཇེ་ལྗིད་དུ་འགྲོ་ཞིང་བཙོང་་པའི་ཚད་གཞིར་སླེབས་ཐུབ་ལ་དཔལ་འབྱོར་གྱི་ཕན་འབྲས་ཀྱང་བཟང་པོ་ཐོབ་ཐུབ། དེར་བརྟེན་ཕྱི་རུ་འཚོ་བ་ལས་གཞན། ཚད་མང་ཞིང་ནུས་ཚད་མཐོ་བའི་གཟན་ཆས་ཀྱིས་གསོ་བའི་བྱེད་ཐབས་བཀོལ་ནས། ཉིན45ཡས་མས་གསོས་རྗེས་བཙོང་ཆོག གཟན་ཆས་བསྲེས་མའི་སྡེབ་ཚུལ་ནི། མ་རྨོས་ལོ་ཏོག50%དང་། པུ་ཙེ27%、འབའ་ཆ20%、བཟའ་ཚྭ1.5%、 གཏེར་རྫས1.5%བཅས་ཡིན། གཟན་ཆས་དེ་ལུག་རེར་ཉིན་རེར་སྤྱི་རྒྱ0.5—1སྟེར་དགོས།

        大多数需要育肥的大羊,一般都是从羊群里清理出来的淘汰羊,通常是在6—7月,等羊毛剪完后投入育肥。另外,这部分羊均已长成,需要在短期内增瞟增重,达到上市的标准,以供屠宰,取得良好的经济收益。所以除放牧外,采用大喂量和高能量的精饲料补喂的混合育肥方式,经45天左右时间出栏。补饲混合精料的配方为:玉米50%、麸皮27%、豆饼20%、精盐1.5%、矿物质添加剂1.5%。每只羊每天的喂量为0.5—1公斤。

ལུག་གི་ནད་ཇི་ལྟར་སྔོན་འགོག་བྱེད་དགོས།

5.如何预防羊病?

        ལུག་གི་ནད་གཙོ་བོ་ནི་འགོ་ནད་དང་གཞན་བརྟེན་འབུ་ནད་ཡིན། དེརཡང་སྔོན་འགོག་གཙོ་བོ་ཡིན་པའི་བྱེད་ཐབས་རྒྱུན་འཁྱུངས་བྱེད་དགོས།རྒྱུན་དུ་གཤམ་གྱི་གནད་དོན་འགའ་བསྒྲུབ་དགོས།

        羊病以传染病和寄生虫病为主,防治必须坚持“预防为主”的方针。平时要做到以下几点:

        (6)གསོ་བའི་དོ་དམ་ལེགས་པོར་བྱས་ནས་ནད་མི་འབྱུང་བར་བྱེད་དགོས།

        (6)加强饲养管理,防止疾病发生;

        (7)ཁོར་ཡུག་གི་གཙང་བྲ་ལེགས་པོར་བྱས་ནས་དུག་སེལ་བྱེད་དགོས།

        (7)搞好环境卫生,做好消毒工作;

        (8)རིམས་ནད་ཞིབ་བཤེར་བྱས་ནས་ནད་ཡན་མི་ཁྱབ་པར་བྱེད་དགོས།

        (8)严格执行检疫制度,防止疾病传播;

        (9)དུས་ཚོད་ལྟར་འབུ་གསོད་པ།

        (9)定期进行驱虫,掌握驱虫时机;

        (10)འཆར་གཞི་ལྡན་པའི་སྒོ་ནས་རིམས་འགོག་ཁབ་རྒྱག་དགོས།

        (10)有计划地进行各类疫苗的免疫接种;

        (11)ལུག་ལ་ནད་ཡོད་པ་ཤེས་རྗེས་དུས་ཐོག་ཏུ་སྨན་པ་བོས་ནས་སྨན་བཅོས་བྱེད་དགོས།

        (11)一旦发现羊生病,及时请兽医诊治,根据不同病情进行正确处置。

གཉིས ། ནོར་ཤེདའབུད་པའི་གསོ་ཐབས།

二、肉牛育肥方法

        ནོར་ཤེདའབུད་པར་གསོ་བའི་དམིགས་ཡུལ་ནི་ཚན་རིག་དང་མཐུན་པའི་སྒོ་ནས་གསོ་བ་དང་དོ་དམ་བྱེད་པའི་ལག་རྩལ་བེད་སྤྱད་ནས། ནོར་གྱི་ཤ་དང་ཚི་ལུ་སྐྱེད་པ་དང་ཤའི་རྒྱུ་སྤུས་ཇེ་ལེགས་སུ་བཏང་སྟེ། གཟན་ཆས་ཀྱི་རིན་གོང་ཇེ་དམའ་རུ་བཏང་བའི་གནས་ཚུལ་འོག་ཤ་མང་ཞིང་རྒྱུ་སྤུས་བཟང་བ་ཞིག་འཐོབ་པར་བྱེད་པ་དེ་ཡིན། ནོར་ཤེདའབུད་པའི་གསོ་་བ་ལ་སྤྱིར་བཏང་ཏུ་བེའུ་དང་། ནོར་ཆེ་བོ།ནོར་རྗུད་པ། ནར་སོན་ནོར། ནོར་གནག་སོགས་ཤེལ་འབུད་པར་གསོ་བ་དེ་ཡིན།

        肉用牛育肥的目的是科学应用饲料和管理技术,增加屠宰牛的肉量和脂肪,改善肉质,从而在降低饲料成本的情况下获得最高的产肉量和营养价值高的优质肉。肉用牛的育肥一般包括犊牛的育肥、育成牛的育肥、架子牛的育肥、淘汰牛的育肥、牦牛的育肥。

1.བེའུ་གསོ་བར་ཁྱད་ཆོས་གངདག་ཡོད།

1.犊牛育肥有哪些特点?

        བེའུ་གསོ་བ་ནི་བེའུ་བཙས་ནས་ལོ་གཅིག་འགོར་རྗེས་ཕྱིར་བཙོང་དགོས། དེ་ཡང་འོ་མ་དང་ཞག་མེད་འོ་མའམ་ཡང་ན་འོ་ཕྱེ་འོ་མ།འབྲུ་ཆས་ཀྱིས་གསོ་དགོས། བེའུ་གསོས་ན་དེའི་ཤ་མཉེན་ཞིང་ཤ་གནད་མང་། དེའི་རྒྱུ་མཚན་ནི་སྤྲི་དཀར་འདུས་ཚད་མཐོ་ལ་ཚི་ལུ་ཉུང་བའི་རྐྱེན་ཡིན་པས་ཚང་མས་དགའ་བསུ་བྱེད།འོན་ཀྱང་དེ་གསོ་བའི་མ་གནས་མཐོ་ལ་ཤ་གོང་ཡང་མཐོ་བས། ཞིང་འབྲོག་ས་ཁུལ་དུ་ཁྱབ་གདལ་དུ་གཏོང་མི་འོས།

        犊牛育肥是指犊牛出生后至1周岁内出栏,用全乳、脱脂乳或代用乳、精料等饲喂犊牛。犊牛育肥可以生产出小牛肉和小白牛肉。因小牛肉和小白牛肉鲜嫩多汁、蛋白质含量高而脂肪含量低,深受欢迎。但生产不仅饲喂成本高,牛肉售价也高,不适于农牧区推广饲养。

2.ནོར་ཆེ་བོ་ཤེད་འབུད་པར་གསོ་བའི་བྱེད་ཐབས་གང་དག་ཡོད།

2.育成牛有哪些育肥方法?

        ནོར་ཆེ་བོ་ཤེད་འབུད་པའི་གསོ་ཐབས་ནི་རྒྱུན་པར་མུ་མཐུད་དུ་གསོ་བ་དང་ནོར་རྗུད་པ་གསོ་བོ་རིགས་གཉིས་ཡོད།

        育成牛育肥通常包括持续育肥和架子牛育肥两种方法。

        མུ་མཐུད་དུ་གསོ་བ་ནི་བེའུ་ནུ་མ་སྣུན་མཚམས་བཞག་རྗེས་ཤེད་འབུད་པར་གསོ་བའི་དུས་རིམ་ཡིན། ཤེད་འབུད་པར་གསོ་བའི་བརྒྱུད་རིམ་ཡོངས་ལ་གཟན་ཆས་ཀྱི་རྒྱུ་སྤུས་བཟང་དགོས་ཤིང་། ཟླ13—24འགོར་རྗེས་ཕྱི་རུ་བཙོང་ཆོག་ལ་ལྗིད་ཚད་ཀྱང་སྤྱི་རྒྱ360—550ལ་སླེབས་ཐུབ། བྱེད་ཐབས་འདི་བཀོལ་ན་བཤའ་ཕྱུགས་ཀྱི་སྐྱེས་ཚད་མགྱོགས་ཤིང་། གཟན་ཆས་མང་པོ་དགོས། གསོ་བའི་དུས་ཚོད་ཐུང་ལ་ཕན་འབྲས་བཟང་།

        持续育肥是指犊牛断奶后即转入育肥阶段。在育肥的全过程中日粮一直保持较高的营养水平,直到13—24月龄前肉牛出栏,活重达到360—550公斤。这种方法肉牛生长速度快、饲料利用率高、饲养期短、育肥效果好。

        ① ཕྱི་རུ་འཚོ་བ་དང་གཟན་ཆས་ཀྱིས་གསོ་བའི་ཐབས།

        ①放牧加补饲育肥法

        བེའུ་ནུ་མ་སྣུན་མཚམས་བཞག་རྗེས་ཤེད་འབུད་པར་གསོ་བའི་བེའུ་ཚང་མ་རྩྭ་སར་དེད་ནས་འཚོ་བ་དང་། རྩྭ་སའི་གནས་ཚུལ་ལྟར་འབྲུ་ཆས་སམ་རྩྭ་ཆས་བྱིན་ནས། དེ་ཟླ18ཀྱི་ནང་ལུས་པོའི་ལྗིད་ཚད་སྤྱི་རྒྱ400ཡན་ལ་སླེབས་པར་བྱེད་དགོས། དེ་ཡང་སྔ་དྲོ་ལ་རྩྭ་སར་དེད་ནས་འཚོ་བ་དང་། ཉིན་གུང་ལ་ངལ་གསོ་བྱེད་པ།དགོང་མོར་གཟན་ཆས་སྟེར་དགོས། ཉིན་རེའི་ནོར་འཚོ་ས་སྤྱི་ལེ4—5ལས་འདའ་མི་རུང་།བེའུ་རེར་ཁ་ར་རེ་བྱས་ནས་གཟན་ཆས་སྟེར་དགོས། གཟན་ཆས་ནི་བེའུ་ཡི་ལྗིད་ཚད་ཀྱི1%--1.5%བྱས་ན་འོས་འཚམ་ཡིན། ཆས་བྱིན་རྗེས་ཆུ་མང་པོ་སྟེར་དགོས། རྩྭ་སའི་རྩྭ་སེར་པོར་གྱུར་རྗེས་བེའུ་རེར་ཉིན་རེར་ཆས་སྤྱི་རྒྱ1—2སྟེར་དགོས་པ་མ་ཟད།དེར་བཟའ་ཚྭ་སྟེར་པ་དང་ངལ་གསོ་བྱེད་པར་མཉམ་འཇོག་དགོས།

        犊牛断奶后,将育肥犊牛集中放牧,根据草场情况,适当补喂精料或干草,使其在18月龄体重达到400公斤以上。一般采取早出放牧,中午休息,晚上添加饲料。每天的放牧距离不要超过4—5公里。给料一牛一槽,避免抢料格斗。补料量按牛体重的1%--1.5%较为合适。补料时要充分饮水。在枯草季节,每头育肥牛每天补料1—2公斤,并注意牛的休息和补盐。

        ②རའི་ནང་དུ་མུ་མཐུད་དུ་གསོ་བའི་ཐབས།

        ②舍饲持续育肥法

        བེའུ་ནུ་མ་སྣུན་མཚམས་བཞག་རྗེས་རའི་ནང་དུ་བཅུག་ནས་མུ་མཐུད་དུ་གསོ་བ་དེ་ཆེད་ལས་ཅན་གྱི་གསོ་ར་དགོས། གསོ་བའི་འཆར་གཞི་མ་བཀོད་གོང་དུ་ཚོང་རའི་དགོས་མཁོ་དང་། གཟན་ཆས་ཀྱི་མ་གནས། ནོར་རའི་ཆ་རྐྱེན།སོན་རྒྱུད། གསོ་བའི་དཀའ་ཁག བཤས་ནས་བཙོང་བའི་ཟླ་ཚད་སོགས་ལ་ཕྱོགས་བསྡུས་ཀྱིས་བསམ་བློ་བཏང་ནས། དཔལ་འབྱོར་གྱི་ཕན་འབྲས་ལེགས་པོ་འཐོབ་པར་བྱེད་དགོས། རའི་ནང་དུ་གསོ་བ་དེ་དུས་རིམ་གསུམ་དུ་བཀར་ཆོག

        犊牛断奶后即进入棚圈进行持续育肥。适用于专业化的育肥场。在制定育肥生产计划时,要综合考虑到市场需求、饲料成本、牛场的条件、品种、育肥的强度和屠宰上市的月龄等,以求获得最大经济效益。舍饲持续育肥可分三个阶段实施:

        དུས་རིམ་དང་པོ་ནི་སྤྱིར་བཏང་དུ་དུས་ཚོད་ཟླ་གཅིག་ཡས་མས་ཡིན།ཁོར་ཡུག་ལ་མི་འཕྲོད་ན། དེར་རང་དབང་གིས་འགུལ་སྐྱོད་བྱེད་དུ་འཇུག་པ་དང་ཆུ་སྟེར་དགོས།དེར་གཟན་ཆས་བཟང་པོའམ་རྩྭ་སྐམ་སྟེར་བ་ལས་གཞན། འབྲུ་ཆས་ནི་རིམ་བཞིན་ཇེ་མང་བྱས་ནས་སྟེར་དགོས། གཟན་ཆས་སྤྱི་རྒྱ1—2ཟོས་རྗེས།རིམ་བཞིན་དམིགས་བཙུགས་ཀྱི་གཟན་ཆས་སྟེར་དགོས་ཏེ། ཉིན་རེར་ཆང་བཙགས་སྦང་མ་སྤྱི་རྒྱ5—10དང་། གཙབས་ཟིན་པའི་རྩྭ་སྐམ་སྤྱི་རྒྱ15—20、པུ་ཙེ་སྤྱི་རྒྱ1—1.5、བཟའ་ཚྭ་ཁེ30—35བཅས་ཡིན།

        第一阶段适应期,一般有一个月左右的时间。对新环境不适应,要让其自由活动,充分饮水,少量饲喂优质青草或干草,精料由少到多逐渐增加喂量,当进食1—2公斤时,逐步更换指定的饲料。每天可喂酒糟5—10公斤、切短的干草15—20公斤(青草加3倍)、麸皮1—1.5公斤、食盐30—35 克。

        དུས་རིམ་གཉིས་པ་ནི་ཤ་སྐྱེས་པའི་ཟླ7—8ཡིན།དུས་རིམ་སྔ་མར་རྩྭ་ཆས་གཙོ་བོ་བྱས་ནས་འབྲུ་ཆས་ཉིན་རེར་སྤྱི་རྒྱ2རེ་སྟེར་དགོས། དེའི་སྡེབ་ཚུལ་ནི་ཉིན་རེར་ཆང་བཙགས་སྦང་མ་སྤྱི་རྒྱ10—20དང་། རྩྭ་སྐམ་སྟོང་ཁེ5—10、པུ་ཙེ་དང་མ་རྨོས་ལོ་ཏོག་ཕྱེ་ཚག འབའ་ཆ་སོ་སོར་སྟོང་ཁེ0.5—1、གཅིན་རྒྱུ་ཁེ50—70、བཟའ་ཚྭ་ཁེ50—60བཅས་སྟེར་དགོས། དུས་རིམ་གཞུག་མར་རྩྭ་ཆས་ཕྱེད་ཀ་བྱས་ནས་འབྲུ་ཆས་ཉིན་རེར་བེའུ་རེར་སྤྱི་རྒྱ4རེ་བྱིན་ནས།རྩྭ་སྐམ་རང་འདོད་ཀྱིས་ཟོས་ཆོག དེའི་སྡེབ་ཚུལ་ནི་ཆང་བཙགས་སྦང་མ་སྟོང་ཁེ20—25དང་། རྩྭ་སྐམ་སྟོང་ཁེ2.5—5 པུ་ཙེ་སྟོང་ཁེ0.5—1 མ་རྨོས་ལོ་ཏོག་ཕྱེ་ཚག་སྟོང་ཁེ2—3 འབའ་ཆ་སྟོང་ཁེ1—1.25 གཅིན་རྒྱུ་ཁེ100—125 བཟའ་ཚྭ་ཁེ50—60བཅས་སྟེར་དགོས།

        第二阶段增肉期,一般7—8个月。前期以粗料为主,精料每天2公斤。推荐配料:每天可喂酒糟10—20公斤、切短的干草5—10千克、麸皮、玉米粗粉、饼类各0.5—1千克、尿素50—70克、食盐50—60克。后期粗料减半,精料加至每日每头4公斤,自由采食青干草。推荐配料:酒糟20—25千克、切短的干草2.5—5千克、麸皮0.5—1千克、粗玉米粉2—3千克、饼渣类1—1.25千克、尿素100—125克、食盐50—60克。

        དུས་རིམ་གསུམ་པ་ནི་ཤེད་སྐྱེད་དུས་རིམ་ཡིན་ལ་སྤྱིར་བཏང་དུ་ཟླ2དགོས། ཉིན་རེར་གཟན་ཆས་བསྲེས་མ་སྟོང་ཁེ4—5རེ་བྱིན་ནས།རྩྭ་ཆས་རང་འདོད་ཀྱིས་སྟེར་ཆོག དེའི་སྡེབ་ཚུལ་ནི་ཆང་བཙགས་སྦང་མ་སྟོང་ཁེ25—30དང་། རྩྭ་སྐམ་སྟོང་ཁེ1.5—2、པུ་ཙེ་སྟོང་ཁེ1—1.5 མ་རྨོས་ལོ་ཏོག་ཕྱེ་ཚག་སྟོང་ཁེ3—3.5 འབའ་ཆ་སྟོང་ཁེ1.25—1. 5 གཅིན་རྒྱུ་ཁེ150—170 བཟའ་ཚྭ་ཁེ70—80བཅས་ཡིན། ཤེད་སྐྱེད་དུས་རིམ་ལ་བེའུ་རེར་ཉིན་རེར་ལུའེ་བེ་རྒྱུ་ཧོའུ་ཁེ200གཟན་ཆས་སུ་བསྲེས་ནས་བྱིན་ན་ཕན་འབྲས་ཧ་ཅང་བཟང་ཞིང་ལུས་པོའི་ལྗིད་ཚད10%—15%འཕར་ཐུབ།

        第三阶段催肥期,一半2个月。日喂混合精料4—5千克,自由采食粗饲料。推荐配料:酒糟25—30千克、切短的干草1.5—2千克、麸皮1—1.5千克、粗玉米粉3—3.5千克、饼渣类1.25—1. 5千克、尿素150—170克、食盐70—80克。催肥期还可加瘤胃素每牛每日200毫克,混于精料中喂给效果更好,体重可增加10%—15%。

        གཟན་ཆས་སྟེར་སྐབས་སྔོན་ལ་རྩྭ་ཆས་སྟེར་བ་དང་རྗེས་སུ་གཟན་ཆས་བསྲེས་མ་བྱིན་ནས།མཇུག་མཐར་ཆུ་སྟེར་དགོས། སྤྱིར་བཏང་དུ་གཟན་ཆསཐེངས2—3བྱིན་ན་ཆུ་ཐེངས2—3སྟེར་དགོས། གཟན་ཆས་བྱིན་ནས་དུས་ཚོད་གཅིག་འགོར་རྗེས་ཆུ་སྟེར་དགོས། ཆུའི་དྲོད་ཚད་ཏུའུ15—25ཡིན་ན་རན། ཐེངས་རེར་གཟན་ཆས་བསྲེས་མ་སྟེར་སྐབས། སྔོན་ལ་ཆང་བཙགས་སྦང་མ་དེ་ཆུས་རློན་པར་བྱས་རྗེས་པུ་ཙེ་དང་།མ་རྨོས་ལོ་ཏོག་ཕྱེ་ཚག གཅིན་རྒྱུ། བཟའ་ཚྭ་བཅས་བསྲེ་དགོས། བེའུ་ཡིས་ཟོས་ནས་ཚར་ལ་ཁད་མ་རྨོས་ལོ་ཏོག་ཕྱེ་ཉུང་ཙམ་བསྲེས་ཏེ།བེའུ་ལ་ཁ་རའི་ནང་གི་གཟན་ཆས་ཟོས་ཚར་དུ་འཇུག་དགོས།

        在饲喂过程中掌握先喂草料,再喂配料、最后饮水的原则。一般饲喂2—3次,饮水2—3次,喂料后1小时饮水,水温15—25度为宜。每次喂配料时,先把酒糟用水拌湿,再加麸皮、玉米粗粉、尿素和食盐拌匀。牛吃到最后时,拌入少许玉米粉,使牛吧槽内的食物吃干净。

;3.ནོར་རྗུད་པ་ཤེད་འབུད་པའི་གསོ་ཐབས་གང་དག་ཡོད།

3.架子牛有哪些育肥方法?

        ནོར་རྗུད་པ་ནི་བེའུ་ནུ་མ་སྣུན་མཚམས་བཞག་རྗེས། གཟན་ཆས་དཀོན་པ་དང་། འཚོ་བཅུད་ཀྱིས་མི་འདང་བའི་དབང་གིས་བཤའ་བའི་ཚད་གཞིར་སླེབས་མེད་པའི་ལོ1—3ཅན་གྱི་བེའུ་ལ་བསྟན། སྐབས་དེར་འཚོ་བཅུད་ཁ་སྣོན་བརྒྱབ་ན། བེའུ་སྐྱེས་པ་མགྱོགས་ཤིང་ཤེད་འབུད་པའི་དུས་སྐབས་བཟང་པོ་ཡིན།

        架子牛是指犊牛断奶后,由于饲草料缺乏,营养赶不上而达不到屠宰标准的1—3岁的幼牛。这一阶段的牛,一旦营养增加,生长发育就会加快,是牛育肥的最好时期。

        (1)ནོར་རྗུད་པ་གསར་བ་གསོ་ཐབས།

        (1)新到架子牛的饲养管理

        ①ལམ་ཐག་རིང་པོ་ནས་དྲུད་འོངས་པའི་ནོར་རྗུད་པར་ཐེངས་དང་པོ་ཆུ་ལྡུད་སྐབས་ཧྲིན10—20ལ་ཚོད་བཟུང་ནས། དེའི་ནང་དུ་བཟའ་ཚྭ་ཧོའུ་ཁེ་འདེསབ་པ་དང་།དུས་ཚོད3—4འགོར་རྗེས་རང་འདོད་ཀྱིས་ཆུ་འཐུང་ཆོག

        ①长距离运输来的架子牛,第一次饮水要控制在10—20升, 并加食盐100毫克,3—4小时后可自由饮水。

        ②ནོར་རྗུད་པ་གསར་བར་རིང་ཚད་ལ་ལི་མུས5ཡོད་པའི་རྩྭ་ཆས་བྱིན་ན་བཟང་།ནོར་གྱིས་ཆུ་འདང་ངེས་ཤིག་འཐུང་རྗེས། རྩྭ་ཆས་སྤུས་ལེགས་སྟེར་དགོས།ཐེངས་དང་པོར་ཚོད་བཟུང་ནས་ནོར་རེར་སྟོང་ཁེ4—5སྟེར་དགོས། ཉིན2—3 པར་རིམ་བཞིན་ཇེ་མང་དུ་བཏང་ནས། ཉིན5—6པའི་རྗེས་སུ་གཟན་ཆས་གང་འདོད་དུ་ཟ་རུ་འཇུག་དགོས། རྩྭ་སྔོན་པོ་ནི་ཉིན2—3པ་ནས་སྟེར་དགོས་པ་དང་། གཟན་ཆས་སྤུས་ལེགསཉིན4པ་ནས་བྱིན་ནས་རིམ་བཞིན་ཇེ་མང་ཡིན་དགོས། དང་ཐོག་ལ་ནོར་གྱི་ལྗིད་ཚད་ཀྱི0.5%སྟེར་དགོས། ཉིན5ཡི ་རྗེས་སུ1%--1.2%ལྟར་སྟེར་དགོས། ཉིན10ཡི་རྗེས་སུ1.6%ལྟར་བྱིན་ནས་ཉིན་རེའི་སྟེར་ཚད་ཚང་མ་སྟེར་དགོས།།

        ②对新到架子牛,最好的粗饲料是5厘米左右的长干草,当牛饮水充分后,便可饲喂优质干草,第一次应限量,按每头牛4—5千克饲喂,第2—3天逐渐增加喂量, 5—6天后才能让其自由充分采食。青草料从第2—3天供给,精饲料第4天供给,也应逐渐增量。开始时按牛的体重的0.5%供给,5天后按1%--1.2%供给,10天后按1.6%供给,过渡到每日将育肥量全部添加。

        ③ནོར་གྱི་ལོ་ཚོད་དང་རིགས་རྒྱུད། ལྗིད་ཚད་ལྟར་བཀར་ནས་གསོ་དགོས།རིགས་རྒྱུད་འདྲ་བའི་སྐོར་སྡེབ་སྦྱོར་བྱས་པའི་ནོར་ཁྱུ་གཅིག་དང་། ལོ་གསུམ་ཡན་གྱི་ནོར་ཁྱུ་གཅིག་བྱས་ནས་གསོ་དགོས། གསོ་བདེ་ཆེད་ཁྱུ་རུ་བཀར་བའི་ནོར་བར་གྱི་ལྗིད་ཚད་སྟོང་ཁེ30ལས་རྒལ་མི་རུང་།

        ③按牛的年龄、品种、体重分群饲养。相同品种杂交牛分成一群,3岁以上的牛合并一起饲喂,分群的体重差异不超过30千克,便于饲养管理。

        ④ཁྱུ་མ་བཀར་གོང་ལ་རའི་ནང་དུ་རྩྭ་སྐམ་པོ་བཏིང་སྟེ་ནོར་ལ་ཟ་རུ་བཅུག་ན། གདོང་གཏུག་མི་རྒྱག་ལ་ནོར་རྗུད་པའི་འགན་ཁུར་ཇེ་ཡང་དུ་གཏོང་ཐུབ་པ་མ་ཟད་ཉལ་སའང་བདེ་བས། ལམ་གྱི་ངལ་དུབ་ཀྱང་སེལ་ཐུབ།

        ④在分群前,围栏内铺些干草,可让牛采食,减少格斗,减轻架子牛的应激反应,也让架子牛躺卧舒服,有利于恢复运输疲劳。

        ⑤ལོ་གཉིས་ཡན་གྱི་ཕོ་ནོར་བཤའ་མ་བཅད་པར་གསོས་ན་ཕན་འབྲས་བཟང་། ལོ་གཉིས་ཀྱི་རྗེས་སུ་བཤའ་བྱས་ནས་གསོས་ན།དོ་དམ་བྱེད་བདེ་ལ་དྲི་ངན་ཡང་སེལ་ཐུབ་ཅིང་ཤའང་བཟང་།

        ⑤2岁前的公牛不去势育肥效果好。2岁后的公牛要去势育肥,便于管理,也消除了牛肉膻味,肉质更好。

        ⑥ནོར་རྗུད་པ་ར་རུ་བཅུག་རྗེས་མྱུར་དུ་ཁོག་གི་འབུ་གསོད་དགོས།རྒྱུན་དུ་བཀོལ་བའི་སྨན་ལ་ཨ་ཧྥོ་་མོས་ཏེན་དང་། མུ་ཟི་ག་པ་པིན་མོས་ཚོ། གཡོན་འཁྱིལ་མོས་ཚོ་སོགས་ཡོད།དེ་ཡང་ཁོག་སྟོང་དུ་སྨན་བླུད་ན་ཕན་འབྲས་ཤིན་ཏུ་བཟང་།

        ⑥架子牛入栏后,立即驱虫。常用的驱虫药物有阿弗米丁、丙硫苯咪唑、左旋咪唑等。驱虫应在空腹时进行,效果更好。

        (2)ནོར་རྗུད་པ་དངོས་སུ་གསོ་ཚུལ།

        (2)架子牛的正式育肥

        ནོར་རྗུད་པ་གསོ་བའི་གོ་རིམ་དེ་ཧ་ལམ་དུས་རིམ་གསུམ་དུ་དབྱེ་ཡོད་དེ། བར་རྒལ་ཚོ་སྐྱེད་ལ་ཧ་ལམ་ཉིན་20དང་། ཚོ་སྐྱེད་སྔ་དུས་ལ་ཧ་ལམ་ཉིན40 ཚོ་སྐྱེད་མཇུག་དུས་ལ་ཧ་ལམ་ཉིན60 དགོས།

        架子牛的育肥过程,大致可分为三个阶段,即过渡育肥期,约20天;育肥前期,约40天;育肥后期,约60天。

        ①བར་རྒལ་ཚོ་སྐྱེད་ནི་ནོར་རྗུད་པ་གསར་བ་གསོ་བའི་གོ་རིམ་ལྟར་བསྒྲུབ་དགོས།

        ①过渡育肥期,按新到架子牛的饲养管理规程进行。

        ②ཚོ་སྐྱེད་སྔ་དུས་ལ་རྩྭ་ཆས་ཟ་ཚདརིམ་བཞིན་སྟོང་ཁེ8ལ་སླེབས་པ་དང་།ཉིན་རེའི་གཟན་ཆས་སྤུས་ལེགས་ཀྱི་སྡུར་ཚད་ནི60%ལ་སླེབས་པ་དང་།སྤྲི་དཀར་རྩུབ་པོའི་ཆུ་ཚད12%ལ་སླེབས་དགོས།རྩྭ་ཆས་རང་འདོད་དུ་ཟ་ཆོག དེ་ཡང་ཉིན་རེའི་གཟན་ཆས་ཀྱི་སྡུར་ཚད་ནང40%ཟིན་ན། ཉིན་རེར་སྟོང་ཁེ1—1.2ཙམ་ཇེ་ལྗིད་དུ་འགྲོ། དེ་ལྟར་བྱས་ན་གསུས་པ་ལྦོས་པ་དང་། འཁྲུ་ནད་འབྱུང་བ། སྐྱུར་དུག་ཕོག་སོགས་སྔོན་འགོག་བྱེད་ཐུབ།

        ②育肥前期,干物质采食量逐步达到8千克,日粮中精料比例增到60%,日粮粗蛋白水平为12%,粗草料自由采食,在日粮比例中占40%,日增重1—1.2千克。主要防止臌胀病、拉稀、酸中毒等。

        ③ ཚོ་སྐྱེད་མཇུག་དུས་ལ་རྩྭ་ཆས་ཟ་ཚད་རིམ་བཞིན་སྟོང་ཁེ10ལ་སླེབས་ཏེ། ཉིན་རེའི་གཟན་ཆས་སྤུསལེགས་ཀྱི་སྡུར་ཚད70%--80%ལ་སླེབས་པ་དང་།སྤྲི་དཀར་རྩུབ་པོའི་ཆུ་ཚད་ནི11%ཡིན་དགོས། ཉིན་རེའི་རྩྭ་ཆས་ཀྱི་སྡུར་ཚད20%--30%ཙམ་མར་ཆག་ན། ཉིན་རེར་སྟོང་ཁེ1.2—1.4ཙམ་ཇེ་ལྗིད་དུ་འགྲོ།སྐབས་དེར་གཟན་ཆས་སྟེར་ཐེངས་མང་དུ་གཏོང་དགོས་ཏེ། སྔར་གྱི་ཐེངས2ནས་ཐེངས3སྟེར་དགོས་ཤིང་། ཆུ་གང་འདོད་དུ་སྟེར་ཆོག

        ③育肥后期,干物质采食量逐步达到10千克,日粮中精料比例增到70%--80%,日粮粗蛋白水平为11%,粗草料在日粮比例中降到20%--30%,日增重1.2—1.4千克。这一时期增加饲喂次数,原来喂2次的增加到3次,且保证充足饮水。

        (3)ཉིན་རེའི་གཟན་ཆས་མི་གཅིག་པར་གཞིགས་ནས་ནོར་རྗུད་པའི་ཚོ་སྐྱེད་ཐབས་གཤམ་ལྟར་དབྱེ་ཆོག

        (3)根据日粮组成不同,架子牛育肥方法又可分为:

        ① ཕྱི་རུ་འཚོ་བ་དང་གཟན་ཆས་ཀྱི་གསོ་ཐབས་དེ་འབྲོག་ཁུལ་དང་རི་ཁུལ་དུ་བཀོལ་ཆོག དེ་ཡང་ས་དེ་གའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ན།མ་དངུལ་གཏོང་བ་ཉུང་ཞིང་ཕན་འབྲས་ཆེ། ཟླ7—12ཅན་གྱི་ནོར་ཕྱི་རུ་འཚོ་བ་དང་གཟན་ཆས་ཀྱིས་གསོ་བ་གཉིས་ཟུང་འབྲེལ་བྱས་ནས། ཉིན་རེའི་དགོང་མོའི་དུས་ཚོད8ཀྱི་རྗེས་སུ་ནོར་རེར་མ་རྨོས་ལོ་ཏོག་སྟོང་ཁེ0.5་དང་། སྐྱེད་རྫས་ཁེ20 བཟའ་ཚྭ་ཁེ25 གཅིན་རྫས་ཁེ25བཅས་སྟེར་དགོས། ཟླ13—15པར་ཕྱི་རུ་འཚོ་དགོས། ཟླ16—18པར་ཁོག་གི་འབུ་བསད་རྗེས་ཉིནརེ་རེར་ཕྱི་རུ་འཚོས་ནས། དགོང་མོ་རེ་རེར་གཟན་ཆས་སྤུས་ལེགས་སྟོང་ཁེ1.5དང་། གཅིན་རྫས་ཁེ50 སྐྱེད་རྫས་ཁེ40 བཟའ་ཚྭ་ཁེ25བཅས་སྟེར་དགོས། གཞན་ཡང་རྩྭ་ཆས་སྔོན་པོ་འོས་འཚམ་ཞིག་སྟེར་དགོས། བྱང་ཕྱོགས་ས་ཁུལ་དུ་ཟླ11པར་སླེབས་ན་རྩྭ་བསྐམས་པས་རའི་ནང་དུ་བཅུག་ནས་གསོ་དགོས།

        ①放牧加补饲育肥法。适用于牧区、山区,以充分利用当地资源,投入少,效益高。对7—12月龄的牛半放牧半饲喂,每天晚上8点以后,每头牛补喂玉米0.5千克、生长素20克、人工盐25克、尿素25克。13—15月龄放牧。16—18月龄驱虫后,整天放牧,每晚补喂精料1.5千克、尿素50克、生长素40克、人工盐25克,另外适当补饲青草。北方地区11月后,草已枯,放牧无效,应转入舍饲育肥

        ②རྩྭ་སྔོན་པོར་གཅིན་རྫས་བསྲེས་ནས་གསོ་བའི་ཐབས་ཏེ།ཉིན་རེའི་གཟན་ཆས་བསྲེས་མའི་སྡེབ་ཚུལ་ནི་མ་རྨོས་ལོ་ཏོག་སྟོང་ཁེ1.5དང་།བཟའ་ཚྭ་ཁེ50 གཅིན་རྫས་ཁེ50བཅས་བསྲེས་ནསསྟེར་དགོས། རྩྭ་སྔོན་པོ་གང་འདོད་དུ་བྱིན་ནས་ཕོ་བ་རྒྱགས་པར་ཟོས་ཆོག གཞན་ཡང་ཉིན་དཀར་ཕྱི་རུ་འཚོས་ནས། ཞོགས་པ་དང་ཉིན་གུང་དགུང་མོར་རའི་ནང་དུ་གཟན་ཆས་ཐེངས་གསུམ་བྱིན་ཏེ་ཉིན100ཡས་མས་འགོར་ན།ཉིནརེར་ཤ་སྟོང་ཁེ1ཡན་སྐྱེས།

        ②青草加尿素育肥法,混合日粮的配方是:玉米1.5千克、食盐50克、尿素50克,青草自由采食,吃饱为宜。也可白天野外采食,早、中、晚舍饲喂三次,经过100天左右的时间,日增重1千克以上。

        ③ ཆང་བཙགས་སྦང་མའི་གསོ་ཐབས། ཆང་བཙགས་སྦང་མས་ཤེད་འབུད་པར་གསོས་ན་ཕན་འབྲས་བཟང་ཞིང་མ་རྩ་དམའ། ལོ་ཧྲིལ་བོར་གཟན་ཆས་ཀྱིས་གསོས་ན་དགུན་ཁར་གསོས་པའི་ཕན་འབྲས་ཧ་ཅང་བཟང་། འོན་ཀྱང་གཟན་ཆས་ཀྱིས་གསོ་བའི་དུས་ཚོད་རིང་མི་འོས།མགོ་ཐོག་ནོར་གྱིས་ཆང་བཙགས་སྦང་མ་ཟ་མི་འདོད་པས་ཉུང་ཙམ་་བྱས་ནས་།རྩྭ་སྐམ་དང་གཟན་ཆས་རྩུབ་པོ་གཙོ་བོ་བྱེད་དགོས། ཉིན15ཡི་རྗེས་སུ་ རིམ་བཞིན་སྦང་མ་ཇེ་མང་དུ་བཏང་སྟེ་རྩྭ་སྐམ་སྟེར་བ་ཇེ་ཉུང་དུ་གཏོང་དགོས།དུས་རིམ་བར་མར་སླེབས་རྗེས།ཉིན་རེར་ནོར་རེར་ཆང་བཙགས་སྦང་མ་སྟོང་ཁེ20—30སྟེར་དགོས། དུས་མཚུངས་སུ་གཟན་ཆས་སྤུས་ལེགས་དང་ཟ་བར་བདེ་བའི་རྩྭ་བྱིན་ནས་ཡི་ག་མི་འཆུས་པར་བྱེད་དགོས། རྩྭ་སྐམ་ཉིན་རེར་ནོར་རེར་སྟོང་ཁེ2.5ལས་ཉུང་མི་རུང་། གཞན་ཡང་ལུའེ་བེ་རྒྱུ་དང0.5%ཅན་གྱི་ཐཱན་སྐྱུར་ཆིང་ནཱ་བསྲེས་ནས་འཚོ་བཅུདAདངDཁ་སྣོན་བྱེད་དགོས།ཆང་བཙགས་སྦང་མ་སྟེར་སྐབས་།སྔོན་ལ་རྩྭ་སྐམ་དང་སྔོན་རྩྭ་སོག་མ་བྱིན་ནས།རྗེས་སུ་གཟན་ཆས་སྤུས་ལེགས་སྟེར་དགོས།དུས་ཚོད་གཅིག་འགོར་རྗེས་ཆུ་སྟེར་དགོས།

        ③酒糟育肥法。酒糟饲料育肥效果好,成本也低。一年四季都可饲喂,冬季育肥效果更好。但饲喂时间不宜过长。开始阶段,由于牛不喜食酒糟,只给少许,以干草和粗料为主。15天后,逐渐增加酒糟,减少干草喂量,到育肥中期,酒糟量每日每头牛可达20—30千克,同时配以精料和适口性好的草料,以保证良好的食欲。干草料每日每头牛不少于2.5千克。另外添加瘤胃素和0.5%的碳酸氢钠,补充维生素A和D。饲喂酒糟时,要先喂干草、青贮秸秆,最后喂精料,喂料后1小时饮水。

&4. ནོར་རྒས་འཁོགས་ཅན་ཤེད་སྐྱེད་པའི་གསོ་ཐབས།

4.淘汰牛的育肥方法

        ནོར་རྒས་འཁོགས་ཅན་ཞེས་པ་ནི་ལས་ཀ་ལསམི་ཐུབ་ཅིང་འོ་མ་ཡང་ཉུང་ལ་སྐྱེས་འཕེལ་གྱི་ནུས་པ་ཞན་པའི་རྒས་འཁོགས་དང་རིད་པ།སྐྱོན་ཅན་བཅས་ལ་ཟེར། དེ་ལྟ་བུའི་ནོར་ལ་དུས་ཡུན་མི་རིང་པའི་ནང་ཤེད་སྐྱེད་པར་གསོས་ན། ཤ་གནད་བར་དང་ཤའི་ཚི་སྣ་བར་ཚིལ་ཆགས་ཏེ། ཤའི་བྲོ་བ་དང་མཉེན་ཚད་ཇེ་ལེགས་སུ་གཏོང་ཐུབ་པ་མ་ཟད། བཤའ་ཚད་དང་ལྗིད་ཚད་ཇེ་མཐོར་གཏོང་ཐུབ་ལ། དཔལ་འབྱོར་གྱི་ཕན་འབྲས་ཀྱང་ཇེ་མཐོར་གཏོང་ཐུབ་། མ་གསོས་གོང་དུ་ནོར་གྱི་ལུས་པོར་ཞིབ་བཤེར་བྱེད་དགོས། གལ་ཏེ་ཤེད་སྐྱེད་པར་གསོ་བའི་རིན་ཐང་མེད་ན་གསོ་མི་རུང་།

        所谓淘汰牛是指牛群中失去劳动力或产奶量低、繁殖力差的老、瘦、弱、残牛。这类牛如果经短期育肥,使肌肉之间和肌纤维之间增加脂肪,不仅可改善牛肉的味道和嫩度,还可以提高屠宰率和净重率,使经济效益大大提高。在育肥前,要对牛进行体检,如果没有育肥价值的牛,就不要育肥,以免浪费劳力和饲料。

        འབྲོག་ཁུལ་དང་རོང་འབྲོག་ས་ཁུལ་དུ་ཉིན་རེར་་དུས་ཚོད4—6ལ་ཕྱུགས་འཚོ་ནས། ནོར་གྱིས་རྩྭ་ཟོས་ནས་རྒྱགས་དགོས། གལ་ཏེ་རྩྭ་ཟོས་ནས་མ་རྒྱགས་ན།རྩྭ་བྲེགས་ནས་སྟེར་དགོས།རབ་ཡིན་ན་དགོང་མོར་གཟན་ཆས་སྤུས་ལེགས་ཐེངས་གཅིག་སྟེར་དགོས།

        在牧区和半农半牧区,对牛进行放牧,每天4—6小时,使牛尽量采食到足够的干物质,如果采食量不足,割青草补喂,最好晚间加喂一次精料。

        ཤེད་སྐྱེད་པར་གསོ་བའི་སྐབས་སུ། དུས་ཐོག་ཏུ་ཉིན་རེའི་གཟན་ཆས་ལེགས་སྒྲིག་བྱས་ནས། བབ་བསྟུན་གྱིས་ཤེད་སྐྱེད་དུས་ཚོད་འཛིན་བྱེད་དགོས། གཟན་ཆས་སྤུས་ལེགས་སྡེབ་ཚུལ་ནི་མ་རྨོས་ལོ་ཏོག72%དང་།འབའ་ཆ15%、པུ་ཙེ8%、གཏེར་རྫས5%བཅས་བསྲེས་ནས་སྟེར་དགོས། གཟན་ཆས་བསྲེས་མ་དེ་ཉིན་རེར་ནོར་གྱི་ལྗིད་ཚད་ཀྱི1%ལྟར་སྟེར་དགོས། གཟན་ཆས་རྩུབ་པོ་ནི་མ་རྨོས་ལོ་ཏོག་སོག་མའམ་གྲོ་ནས་ཀྱི་སོག་མ་གཙོ་བོ་བྱས་ནས་ནོར་གྱིས་གང་འདོད་དུ་ཟ་ཆོག

        在育肥期内,及时调整日粮,灵活掌握育肥时间。精料配方是:玉米72%、油饼类15%、麸皮8%、矿物质5%。混合精料的日喂量按牛体重的1%供给。粗饲料以青贮玉米秸秆或氨化秸秆为主,让牛自由采食。

5. གནག་ཕྱུགས་ཤེད་སྐྱེད་པའི་གསོ་ཐབས།

5.牦牛的育肥方法

        གནག་ཕྱུགས་ནི་མང་ཆེ་བ་གྲང་ངར་ཆེ་བའི་མཐོ་སྒང་དུ་ཡོད།གཙོ་བོ་རྩྭ་ཐང་དུ་འཚོ་བཞིན་ཡོད།ཡུན་རིང་པོ་ཞིག་ལ་གནག་ཕྱུགས་གནམ་ཟླ་དྲོད་པའི་སྐབས་སུ་སྐྱེས་ན་མགྱོགས། ཟླ་བརྒྱད་པ་དང་དགུ་བར་སྐྱེས་ཚད་ཧ་ཅང་མགྱོགས་ཤིང་། ཤིན་ཏུ་ཚོ་བའི་དུས་སྐབས་ཡིན།དགུན་ཁར་ཆེར་མི་སྐྱེས་ཤིང་ཐ་ན་ཤ་བྱིང་འགྲོ་བས། ལུས་ཟུངས་ཉམས་ཤིང་ཐ་ན་འཆི་འགྲོ།འདི་ནི་འབྲོག་པས་བཤད་པའི་དབྱར་དར།སྟོན་ཚོ།དགུན་རིད། དཔྱིདཤི་ཟེར་བའི་སྣང་ཚུལ་ཡིན། གལ་ཏེ་གནག་ཕྱུགས་དགུན་ཁར་འགྱིག་ཤོག་གི་ཁང་པའི་ནང་དུ་གསོས་ན་ཤེད་མི་ལྷུང་པ་ཁོ་ཐག་ཡིན་ཞིང་།ཤེད་སྐྱེད་པར་གསོ་བའི་དུས་ཡུན་ཐུང་ལ།གཟན་ཆས་ཀྱི་མདངུལ་ཡང་ཇེ་དམའ་རུ་གཏོང་ཐུབ་པ་མ་ཟད།དཔལ་འབྱོར་གྱི་ཕན་འབྲས་མཐོར་འདེགས་གཏོང་བའི་ཐབས་ལམ་ཞིག་ཀྱང་ཡིན།དེས་གནག་ཕྱུགས་གསོ་ཐབས་རྩ་བ་ནས་སྒྱུར་བ་དང་། ཞིང་ལས་ཀྱི་གྲུབ་ཚུལ་ཚན་རིགས་དང་མཐུན་པར་ལེགས་སྒྲིག་བྱེད་པ་ཇེ་མགྱོགས་སུ་གཏོང་བར་དམིགས་གཏད་རང་བཞིན་ཡོད་པས། ཁྱབ་གདལ་དུ་གཏོང་ཆོག

        牦牛大多生长在高原寒冷地带,野外放牧为主。长期以来,牦牛在暖季生长速度较快,八、九月份活重达到一年的高峰,是最为肥壮之时;在冷季生长停滞甚至出现负增重,牦牛体弱多病或至死亡,这就是牧民所说的“夏壮、秋肥、冬瘦、春死亡”的现象。如果牦牛在冷季采用塑模暖棚进行全舍饲养。那么越冬保瞟效果十分明显,是缩短饲养周期,降低饲料成本,提高经济效益的有效途径,对促进牦牛生产方式的根本转变,加速农业结构的科学调整具有很强的针对性,应大力推广。

        གནག་ཕྱུགས་ཤེད་སྐྱེད་པའི་དུས་རིམ་གཉིས་ཡོད་དེ། དུས་རིམ་དང་པོར་ཧ་ལམ་ཉིན10དགོས།དེ་ཡང་གནག་ཕྱུགས་རའི་ནང་དུ་གསོ་བའི་ཁོར་ཡུག་ལ་འཕྲོད་དུ་བཅུག་ནས། ཁོག་གི་འབུ་གསོད་པ་དང་ཕོ་བ་ཇེ་བདེར་གཏོང་དགོས།གཟན་ཆས་ནི་རྩྭ་སྐམ་གཙོ་བོ་དང་།གཟན་ཆས་སྤུས་ལེགས་ནི་ཉུང་ཙམ་ནས་ཚད་ངེས་གཏན་བྱས་ནས་སྟེར་དགོས།དུས་རིམ་གཉིས་པར་ཧ་ལམ་ཉིན80དགོས།དེ་ཡང་དུས་དང་ཚད་ངེས་གཏན་བྱས་ནས་གཟན་ཆས་སྤུས་ལེགས་དང་རྩུབ་པོ་སྟེར་དགོས། གཟན་ཆས་སྤུས་ལེགས་ནི་ཉིན་རེར་སྟོང་ཁེ1.75དང་།གཟན་ཆས་རྩུབ་པོ་གང་འདོད་དུ་ཟ་ཆོག་ལ།ཆུའང་རང་འདོད་ཀྱིས་འཐུང་ཆོག གཟན་ཆས་སྤུས་ལེགས་ཀྱི་སྡེབ་ཚུལ་ནི།ཡུག་པོ20%、མ་རྨོས་ལོ་ཏོག40%、པུ་ཙེ30%、བཟའ་ཚྭ2%、རུས་ཕྱེ2%、སྲན་མ5%、ཁ་སྣོན་རྫས1%བཅས་ཡིན། གཟན་ཆས་རྩུབ་པོ་ནི་གྲོ་དང་ཡུག་པོའི་སོག་མ་གཙོ་བོ་ཡིན།

        牦牛育肥分两个阶段实施:第一阶段约10天,主要是让牦牛适应全舍饲喂环境,并进行驱虫、健胃,饲喂以青干草为主、精料由少到定量供给。第二阶段约80天,定时定量饲喂精、粗饲料,精料日粮为1.75千克,粗饲料自由采食,并充分饮水。精料参考配方为:燕麦20%、玉米40%、麸皮30%、食盐2%、骨粉2%、豌豆5%、添加剂1%。粗饲料以小麦秸秆和燕麦青干草为主。

        ལྷས་ར་ནི་སོ་ཕག་དང་གདུང་མས་ལས་པའི་ཀླད་ཕྱེད་འབྱེད་ཅན་དང་ཡང་ན་འགྱིག་ཤོག་གི་སྦྲ་གུར་འོས་ཤིང་འཚམ། ནོར་རེར་རྒྱ་དཔངས་གྲུ་བཞི་མ3རེ་བྱས་ནས། ནོར་འདོགས་པའི་སྣ་ཐིག་གི་རིང་ཚད་འོས་རན་ཡིན་ན། ནོར་གྱིས་རང་འདོད་ཀྱིས་གཟན་ཆས་ཟ་བ་དང་ངལ་གསོ་བྱེད་པར་ཕན་ཞིང་། ཁོ་འགུལ་ཡང་ཐུབ། ད་དུང་གདོང་གཏུག་མི་རྒྱག་པར་བྱེད་ཐུབ།ལྷས་ར་དང་ཁ་ར་གཙང་མ་ཡིན་དགོས།ཉིན་རེར་དུས་ཚོད་ལྟར་ལྷས་རའི་ནང་གི་ལྕི་བ་ཕྱིར་འདྲུད་དགོས།ལྷས་རའི་ནང་གི་བཀོལལྷ་ཆས་ཉིན10རེའི་ནང0.3%ཡི་ལེར་སོའི་ཞུ་ཁུ་ཡིས་དུག་སེལ་པ་དང་། ཁ་རར་ཉིན་རེར10%ཡི་བུལ་ཏོག་གིས་དུག་སེལ་དགོས།ནོར་གྱི་ལུས་པོར་ཉིན་རེར་ཐེངས1—2འབྲད་པ་དང་།གཟའ་འཁོར་རེར་ནོར་ཕྱི་རུ་ཐེངས1—2བཏང་ནས། ཐེངས་རེར་དུས་ཚོད2ཡིན་དགོས།

        棚圈以砖木结构半封闭式塑膜暖棚为宜,密度为每头牛3立方米。拴系牛只的绳子长短要适宜,既利于牛只自由采食、休息,又要减少其活动半径,防止角斗致伤。保持圈舍、用具清洁卫生,每天按时清理圈舍粪便,圈内用具每10天用0.3%来苏儿溶液消毒,饲槽每周用10%碱水消毒1次。每天刷拭牛体1—2次,每周放出牛只棚外活动1—2次,每次2小时。

        གནག་ཕྱུགས་ཤེད་སྐྱེད་པའི་རྒྱུ་རྐྱེན་དྲུག་སྟེ།དྲོད་ལྷས་འབུབས་པ་རྨང་གཞི་དང་། ཚན་རིག་གིས་གསོ་བ་གནད་འགག་གྱུར། གཟན་ཆས་ཀྱི་གནས་གཞི་ཁག་ཐེག་་དང་། རིམས་ནད་སྔོན་འགོག་ནི་རྩ་བ། ཚོང་ར་ཤེས་རྟོགས་གནད་དུ་འཛིན།རང་འཕེལ་ཤེད་སྐྱེད་ཕན་འབྲས་ལེགས།

        牦牛育肥六要素:修建暖棚是前提、科学饲喂是关键、饲草基地是保障、疫病防治是根本、把握市场是保证、自繁育肥效益高。

6.ནོར་ནད་སྔོན་འགོག་བྱེད་ཐབས

6.牛病的预防措施

        ①གསོ་སྐྱོང་དོ་དམ་ལ་ཤུགས་སྣོན་དང་། ནད་རིགས་མེད་ཅིང་བདེ་ཐང་དུ་གྱུར།

        ①加强饲养管理,减少疾病发生;

        ②དུག་སེལ་བྱ་བ་ལེགས་པོར་སྒྲུབ་པ་ལ། ཁོར་ཡུག་འཕྲོད་བསྟེན་བཟང་ཐོག་ཇེ་བཟང་དང་།

        ②做好消毒工作,搞好环境卫生;

        ③སྒོ་ཕྱུགས་སྨན་པས་ཞིབ་བཤེར་གྱིས་ན་ནས། རིམས་ནད་ཁྱབ་པ་སྔོན་འགོག་བྱེད།

        ③严格兽医检疫,防止疫病传播;

        ④དུས་ལྟར་སྔོན་འགོག་རིམས་ཐར་བྱས་ན་ནི།རིམས་ནད་རྩ་མེད་དུ་གཏོང་པར་གྱུར།

        ④定期预防免疫,防止疫病发生;

        ⑤འོས་མཐུན་སྨན་བཀོལ་འགོག་བཅོས་བྱས་ནའང་། མི་ཕྱུགས་གཉིས་ཀ་བདེ་ཐང་ཡོང་པར་གྱུར།

        ⑤合理用药防治,维护人畜健康。