མགོ་ཤོག  > ཚན་རྩལ་ཁྱབ་གདལ་སློབ་གསོ། > ཤེས་བྱ་ཕྲན་བུ།

  ཤེས་བྱ་ཕྲན་བུ།  

འཚོ་བའི་འཕྲོད་བསྟེན་གྱི་ཤེས་བྱ་ཕྲན་བུ།

  1. འཚོ་བའི་འཕྲོད་བསྟེན་གྱི་ཤེས་བྱ་ཕྲན་བུ།

            ང་ཚོས་མི་སྣ་རྩ་འཛུགས་བྱས་ཏེ་གོ་སླ་ཞིང་ཚིག་བདེ་བའི་དྲིལ་སྒྲོག་དེབ་ཆུང་འདི་རྩོམ་སྒྲིག་བྱས་ནས། རྒྱ་ཆེ་བའི་རོང་འབྲོག་མང་ཚོགས་རྣམས་ཀྱི་སྤྱན་སྔར་ཕུལ་བ་ཡིན་ལ། འདི་ལས་ཁོང་རྣམས་ལ་དུས་རྒྱུན་དུ་འབྱུང་སླ་བའི་ནད་རིགས་ཁ་ཤས་འགོག་བཅོས་ཀྱི་ཤེས་བྱ་རྟོགས་པར་རོགས་བྱས་ནས། འཕྲོད་བསྟེན་དང་མཐུན་པའི་སྲོལ་བཟང་ཆགས་ཤིང་། ནད་རིགས་ཕོག་ཚད་ཇེ་ཉུང་དུ་བཏང་སྟེ། འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་ངེས་ཡིན།
  2. འཚོ་བའི་འཕྲོད་བསྟེན་གྱི་ཤེས་བྱ་ཕྲན་བུ།

            ང་ཚོས་མི་སྣ་རྩ་འཛུགས་བྱས་ཏེ་གོ་སླ་ཞིང་ཚིག་བདེ་བའི་དྲིལ་སྒྲོག་དེབ་ཆུང་འདི་རྩོམ་སྒྲིག་བྱས་ནས། རྒྱ་ཆེ་བའི་རོང་འབྲོག་མང་ཚོགས་རྣམས་ཀྱི་སྤྱན་སྔར་ཕུལ་བ་ཡིན་ལ། འདི་ལས་ཁོང་རྣམས་ལ་དུས་རྒྱུན་དུ་འབྱུང་སླ་བའི་ནད་རིགས་ཁ་ཤས་འགོག་བཅོས་ཀྱི་ཤེས་བྱ་རྟོགས་པར་རོགས་བྱས་ནས། འཕྲོད་བསྟེན་དང་མཐུན་པའི་སྲོལ་བཟང་ཆགས་ཤིང་། ནད་རིགས་ཕོག་ཚད་ཇེ་ཉུང་དུ་བཏང་སྟེ། འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་ངེས་ཡིན།
  3. འཚོ་བའི་འཕྲོད་བསྟེན་གྱི་ཤེས་བྱ་ཕྲན་བུ།

            ང་ཚོས་མི་སྣ་རྩ་འཛུགས་བྱས་ཏེ་གོ་སླ་ཞིང་ཚིག་བདེ་བའི་དྲིལ་སྒྲོག་དེབ་ཆུང་འདི་རྩོམ་སྒྲིག་བྱས་ནས། རྒྱ་ཆེ་བའི་རོང་འབྲོག་མང་ཚོགས་རྣམས་ཀྱི་སྤྱན་སྔར་ཕུལ་བ་ཡིན་ལ། འདི་ལས་ཁོང་རྣམས་ལ་དུས་རྒྱུན་དུ་འབྱུང་སླ་བའི་ནད་རིགས་ཁ་ཤས་འགོག་བཅོས་ཀྱི་ཤེས་བྱ་རྟོགས་པར་རོགས་བྱས་ནས། འཕྲོད་བསྟེན་དང་མཐུན་པའི་སྲོལ་བཟང་ཆགས་ཤིང་། ནད་རིགས་ཕོག་ཚད་ཇེ་ཉུང་དུ་བཏང་སྟེ། འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་ངེས་ཡིན།
  4. འཚོ་བའི་འཕྲོད་བསྟེན་གྱི་ཤེས་བྱ་ཕྲན་བུ།

            ང་ཚོས་མི་སྣ་རྩ་འཛུགས་བྱས་ཏེ་གོ་སླ་ཞིང་ཚིག་བདེ་བའི་དྲིལ་སྒྲོག་དེབ་ཆུང་འདི་རྩོམ་སྒྲིག་བྱས་ནས། རྒྱ་ཆེ་བའི་རོང་འབྲོག་མང་ཚོགས་རྣམས་ཀྱི་སྤྱན་སྔར་ཕུལ་བ་ཡིན་ལ། འདི་ལས་ཁོང་རྣམས་ལ་དུས་རྒྱུན་དུ་འབྱུང་སླ་བའི་ནད་རིགས་ཁ་ཤས་འགོག་བཅོས་ཀྱི་ཤེས་བྱ་རྟོགས་པར་རོགས་བྱས་ནས། འཕྲོད་བསྟེན་དང་མཐུན་པའི་སྲོལ་བཟང་ཆགས་ཤིང་། ནད་རིགས་ཕོག་ཚད་ཇེ་ཉུང་དུ་བཏང་སྟེ། འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་ངེས་ཡིན།
  5. འཚོ་བའི་འཕྲོད་བསྟེན་གྱི་ཤེས་བྱ་ཕྲན་བུ།

            ང་ཚོས་མི་སྣ་རྩ་འཛུགས་བྱས་ཏེ་གོ་སླ་ཞིང་ཚིག་བདེ་བའི་དྲིལ་སྒྲོག་དེབ་ཆུང་འདི་རྩོམ་སྒྲིག་བྱས་ནས། རྒྱ་ཆེ་བའི་རོང་འབྲོག་མང་ཚོགས་རྣམས་ཀྱི་སྤྱན་སྔར་ཕུལ་བ་ཡིན་ལ། འདི་ལས་ཁོང་རྣམས་ལ་དུས་རྒྱུན་དུ་འབྱུང་སླ་བའི་ནད་རིགས་ཁ་ཤས་འགོག་བཅོས་ཀྱི་ཤེས་བྱ་རྟོགས་པར་རོགས་བྱས་ནས། འཕྲོད་བསྟེན་དང་མཐུན་པའི་སྲོལ་བཟང་ཆགས་ཤིང་། ནད་རིགས་ཕོག་ཚད་ཇེ་ཉུང་དུ་བཏང་སྟེ། འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་ངེས་ཡིན།

        རང་རྒྱལ་ནུབ་རྒྱུད་ས་ཁུལ་གྱི་རྒྱ་ཆེ་བའི་རོང་འབྲོག་ས་ཁུལ་དུ། རང་བྱུང་ཁོར་ཡུག་དང་། དཔལ་འབྱོར། རིག་གནས། འཚོ་བའི་གོམས་གཤིས་སོགས་ཀྱི་ཤུགས་རྐྱེན་ལས། ས་ཁུལ་དེར་གནས་པའི་རྒྱ་ཆེའི་རོང་འབྲོག་མང་ཚོགས་རྣམས་ཀྱི་ལུས་སེམས་བདེ་ཐང་ལ་དུས་དང་རྣམ་པ་ཀུན་ཏུ་ནད་རིགས་སྣ་ཚོགས་ཀྱི་འཇིགས་སྣང་སྐུལ་བཞིན་ཡོད་པ་དང་། ལྷག་པར་དུ་འཚོ་བའི་འཕྲོད་བསྟེན་གོམས་སྲོལ་དང་ཁོར་ཡུག་འཕྲོད་བསྟེན་ལ་འབྲེལ་བ་ཡོད་པའི་ནད་རིགས་སྣ་ཚོགས་སྤྱིར་ན་འཚོ་བའི་གོམས་སྲོལ་དང་ཁོར་ཡུག་གི་འཕྲོད་བསྟེན་བསྒྱུར་བཅོས་བྱས་ནུས་པ་ལྡན་པའི་ངང་སྔོན་འགོག་བྱས་ཆོག་མོད། འོན་ཀྱང་རོང་འབྲོག་མང་ཚོགས་རྣམས་ལ་འདིའི་སྐོར་གྱི་འཕྲོད་བསྟེན་བདེ་སྲུང་ཤེས་བྱ་མེད་པའི་དབང་གིས་ནད་རིགས་འབྱུང་ཞིང་མཆེད་པ་རེད། གནས་ཚུལ་དེར་གཞིགས་ནས། ང་ཚོས་མི་སྣ་རྩ་འཛུགས་བྱས་ཏེ་གོ་སླ་ཞིང་ཚིག་བདེ་བའི་དྲིལ་སྒྲོག་དེབ་ཆུང་འདི་རྩོམ་སྒྲིག་བྱས་ནས། རྒྱ་ཆེ་བའི་རོང་འབྲོག་མང་ཚོགས་རྣམས་ཀྱི་སྤྱན་སྔར་ཕུལ་བ་ཡིན་ལ། འདི་ལས་ཁོང་རྣམས་ལ་དུས་རྒྱུན་དུ་འབྱུང་སླ་བའི་ནད་རིགས་ཁ་ཤས་འགོག་བཅོས་ཀྱི་ཤེས་བྱ་རྟོགས་པར་རོགས་བྱས་ནས། འཕྲོད་བསྟེན་དང་མཐུན་པའི་སྲོལ་བཟང་ཆགས་ཤིང་། ནད་རིགས་ཕོག་ཚད་ཇེ་ཉུང་དུ་བཏང་སྟེ། འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་ངེས་ཡིན།

        我国西部广大农牧地区,由于受自然环境、经济、文化、生活习俗等因素的影响,使生活在这一地区的广大农牧民群众的身心健康,时时受到疾病的困扰和威胁,特别是一些与生活卫生习惯和环境卫生相关的疾病,本可以通过改变生活方式和环境卫生而有效预防。但由于农牧民群众缺乏相关的卫生健康知识,而导致疾病的发生和蔓延。鉴于此,我们组织编写了这本通俗易懂的宣传小册子,供广大农牧民群众阅读,帮助他们了解和掌握一些常见病、多发病的防治知识,建立良好的卫生行为习惯,减少疾病的发生,不断提高生活质量。

ཁ་ནང་བདེ་ཐང་ཡོང་བའི་འཕྲོད་བསྟེན་གོམས་སྲོལ།

口腔保健卫生习惯

        1.ནངས་དགོང་གཉིས་སུ་སོ་འཁྲུད་པ་དང་། ཟ་མ་ཟོས་རྗེས་ཁ་ནང་གཤལ་བའི་སྲོལ་བཟང་ལོབས་སུ་འཇུག་དགོས། ནངས་དགོང་གཉིས་ལ་སོ་འཁྲུད་པ་དང་། ཟ་མ་ཟོས་རྗེས་སུ་ཁ་ནང་གཤལ་ཚེ། སོའི་ཕྱི་ངོས་དང་སོ་སྲུབས་ཀྱི་ཟས་ལྷག སོ་འབུའི་ཁྲ་ཐིག་སོགས་མེད་པར་བཟོ་ཐུབ་པས། སོ་གཙང་ཞིང་ནད་མི་འབྱུང་བ་ཡིན།

        1.养成早晚刷牙,饭后漱口的好习惯。早晚刷牙和饭后漱口,能把牙齿表面和牙缝里的食物残渣、牙菌斑等清除掉,是牙齿清洁不生病。

        2.ཀ་ར་དང་ཟས་མངར་མོ་ཉུང་ཟ་བྱེད་པ། ཀ་ར་དང་ཟས་མངར་མོ་ཡིས་ཁའི་ནང་ལ་ནད་འབྱུང་དུ་འཇུག་པ་དང་། ལྷག་པར་དུ་བྱིས་པ་ཆུང་ཆུང་ལ"སོ་རུལ་ནད"འབྱུང་དུ་འཇུག

        2.少吃糖和甜食。糖和甜食可促使口腔疾病的发生,特别是小孩子容易得"虫牙"。

        3.ལུགས་མཐུན་ངང་ཟ་བ་ལས། འདེམ་ཟ་དང་ཟ་དགའ་བའི་ཟ་མ་ཁོ་ན་མི་ཟ་བ། འདེམ་ཟ་དང་ཟ་དགའ་བའི་ཟས་ཟོས་ན་འཚོ་བཅུད་སོགས་བཅུད་ལྡན་དངོས་པོས་མ་འདང་བར་རྙིལ་ལས་ཁྲག་ཟགས་ཤིང་། ཁའི་ནང་དང་ཁ་ཤ་ལ་རྨ་རུལ་འབྱུང་སྲིད།

        3.合理饮食,不挑食偏食。挑食偏食容易造成维生素等营养物质缺乏,出现牙龈出血、口腔溃疡、口唇溃烂和疱疹等疾病。

        4.དུས་བཅད་ལྟར་ཁའི་ནང་སྨན་པར་སྟོན་དགོས། སྤྱིར་བཏང་དུ་ཁ་ནང་སྨན་པར་སྟོན་ཚེ་མི་དར་མས་ལོ་རེར་ཐེངས་རེར་སྨན་པར་སྟོན་པ་དང་། བྱིས་པ་དང་གཞན་ནུ་ཚོས་ལོ་ཕྱེད་ནང་ཐེངས་རེར་སྟོན་དགོས། གལ་ཏེ་ཁ་ནང་དུ་རྨ་བྱུང་ཚེ་མྱུར་དུ་ཚད་ལྡན་སྨན་ཁང་དུ་སོང་ནས་ནད་བཅོས་བྱ་དགོས།

        4.定期做口腔检查。一般口腔检查大人每年 1次,儿童少年半年1次。一旦发生口腔疾病要及时到正规医院就医治疗。

        བཤད་རྒྱུན་དུ་མི་འཆི་ནད་པ་སོ་ན་བས་སྡུག་ཅེས་ཟེར་བ་ནི། རང་རང་གི་ཁའི་འཕྲོད་བསྟེན་གོམས་སྲོལ་མི་ལེགས་པ་ལས། རྙིལ་ལ་རྨ་བྱུང་བའི་ན་ཟུག་ཆེན་པོ་ཞིག་ཡིན།

        俗话说牙痛不是病,痛起来真要命。说的就是因个人口腔卫生习惯不好,造成牙齿损害而引起的剧烈疼痛。

རང་རང་གི་འཕྲོད་བསྟེན་ཐད་གྱི་གོམས་སྲོལ་བཟང་བོ།

个人卫生好习惯

        1.རྒྱུན་དུ་མགོ་འཁྲུད་པ་དང། སྐྲ་ཤད་པ། སེན་མོ་འབྲེག་པ། འཁྲུས་བྱེད་པ་དང་། ཟ་མ་མ་ཟོས་གོང་དུ་ལག་པ་བཀྲུ་དགོས།

        1.勤洗头,勤理发,勤剪指甲,勤洗澡。饭前便后要洗手。

        2.ནངས་དགོང་གཉིས་སུ་གདོང་དང་སོ་བཀྲུ་བ་དང་། ཉལ་ཁར་རྐང་བ་བཀྲུ་བ།

        2.早晚洗脸和刷牙,睡前再把脚洗洗。

        3.རྒྱུན་དུ་ལྭ་བ་བཀྲུ་བ་དང་། ལྭ་བ་བརྗེས་གོན་པ། ཉལ་ཐུལ་ཉལ་གདན་ཉི་མར་ལྡེ་བ་བཅས་བྱེད་པ།

        3.勤洗衣,勤换衣,勤晒被褥,

        4.ཁ་ལུད་གང་སར་མི་འཕེན་པ་དང་། གཅིན་སྐྱག་གང་སར་མི་གཏོང་བ།    སྙིགས་རོ་གང་སར་མི་འཕེན་པ་བཅས་བྱ་དགོས།

        4.不随地吐痰,不随地大小便,不乱扔杂物和垃圾。

        5.ཐ་མག་མི་འཐེན་པ་དང་། ཨ་རག་ཉུང་འཐུང་བྱེད་པ། ཆུ་འཁྱག་མི་འཐུང་བ། ཟས་འཁྱག་པ་དང་ཟས་རྗེན་པ་མི་ཟ་བ། མང་འཐུང་མང་ཟ་མི་བྱེད་པ།

        5.不吸烟,少喝酒,不喝生水,不吃生冷食物,不暴饮暴食。

        6.དུད་ནག་མི་འཐེན་པ་དང་། མཚན་གང་བོར་དོན་དག་སྒྲུབ་ནས་གཉིད་ཆགས་སུ་མི་འཇུག་པ། ནད་ཡོད་ཚེ་སྨན་ཁང་དུ་འགྲོ་བ་ལས་ལྷ་བ་དང་མོ་བ་སོགས་ལ་ཡིད་ཆེས་མི་བྱེད་པ།

        6.不吸毒,不熬夜,有病就医,不信巫术。

        ཡ་རབས་བདེ་ཐང་གི་འཚོ་བར་རོལ་ཞིང་གོམས་ཤུགས་ངན་པ་འདོར་བ།

         倡导文明健康生活,抛弃个人不良行为习惯。

ཞིང་བའི་ཁྱིམ་ཚང་གི་འཕྲོད་བསྟེན་རེ་འདུན།

农家卫生有要求

        1.རྒྱུན་དུ་ལྷས་ར་གཙང་ཕྱགས་དང་། ཉལ་ཁྲི་གཙང་མར་བྱེད་པ། སྣོད་ཅ་ལག་དང་སྒོ་དྲ་མ་གཙང་གཙང་མར་ཕྱི་བ།

        1. 勤打扫庭院,勤整理床铺,勤擦洗家具和窗户。

        2.རྒྱུན་དུ་དྲ་མ་ཕྱེས་ནས་ཁང་བའི་ནང་གི་མཁའ་རླུང་གཙང་མ་ཡོང་བར་བྱེད་པ།

        2.勤开窗通风,保持室内空气新鲜。

        3.ཐང་ཚང་གི་དངོས་བོ་གྲལ་དག་ཅིང་། དཀར་ཡོལ་དང་ཐུར་མ་གཙང་མ་ཡིན་པ། ཟས་རིགས་ཚོས་མ་དང་རྗེན་པའི་ཨན་བདར་སོ་སོར་དབྱེ་བ་དང་། འབྱིད་རས་བཀོལ་རྗེས་སུ་གཙང་མར་བཀྲུས་ནས་སྐེམ་པ།

        3.厨房要整洁,碗筷要干净,切生、熟食物的砧板要分开,抹布用后要洗净晾干。

        4.སྒོ་ཕྱུགས་ར་བར་བཀག་ནས་གསོ་བ་དང་། ར་བའི་ནང་དུས་ལྟར་རྡོ་ཐལ་རྒོད་སྤྱད་ནས་དུག་སེལ་བྱ་དགོས།

        4.家禽家畜要圈养,蓬圈要及时除粪和生石灰消毒。

        5.ཞིང་སྨན་དོ་དམ་བདེ་འཇགས་ཡིན་དགོས་ལ། འབྲུ་སྣུམ་ཉར་འཇོག་བྱེད་ཚེ་བྱི་བ་འགོག་ཐུབ་ལ་རླམ་མི་ཕོག་པར་བྱ་དགོས།

        5.农药保管要安全 ,粮油存放既防鼠害又防霉。

        6.སྤྱོད་ཁང་ལས་པའི་གནས་འོས་འཚམ་དང་། དྲི་ངན་དང་དུག་སྦྲང་མེད་པར་བྱ་དགོས།

        6.厕所建造要合理,无臭味无蚊蝇。

        7.དུག་སྦྲང་དང་། སྦྲང་ནག བྱི་བ། འབུ་ཀྲང་ལང་བཅས་ནི"གནོད་པ་བཞི"ཡིན་པས་རྒྱུན་དུ་གསོད་དགོས།

        7.蚊、蝇、鼠、蟑螂是"四害",要勤除要勤灭。

        8.ཁྱིམ་མཚེས་པར་འགྲིག་མཐུན་ཡོང་བ་དང་། འཚོ་བ་བདེ་ཞིང་སྐྱིད་པོར་རོལ་དགོས།

        8.家庭邻里要和睦,生活的健康又幸福。

        ཁྱིམ་ཚང་གི་གཙང་སྤྲ་ལེགས་ཚེ དུས་བཞིར་ནད་རིགས་ཉུང་།

        家庭卫生好,四季疾病少。

        རོང་འབྲོག་ས་ཁུལ་དུ་རང་འབབ་ཆུ་དང་སྤྱོད་ཁང་གཙང་མ་ཁྱབ་གདལ་དུ་གཏོང་བ།

        农牧区要普及自来水和卫生厕所

        ཆུ་ནི་ཚེ་སྲོག་གི་འབྱུང་ཁུངས་ཡིན་པས། ང་ཚོའི་བདེ་ཐང་ནི་ཆུ་གཙང་མིན་ལ་འབྲེལ་བ་དམ་པོ་ཡོད། གལ་ཏེ་ཆུ་གཙང་མ་མིན་པ་དང་ཆུ་ལ་བརྫད་སྐྱོན་ཐེབས་ཡོད་ན། ཆུ་དེ་འཐུང་རྗེས་ནད་རིགས་སྣ་ཚོགས་འབྱུང་བ་སྟེ། དཔེར་ན་ཕོ་བ་གཤལ་བའི་ནད་དང་། སྐྱུག་གཤལ་གྱི་ནད། ཀ་རིགས་མཆིན་ཚད་སོགས་ཚང་མ་འཐུང་ཆུ་བརྒྱུད་ནས་འགོས་པ་ལྟ་བུ་ཡིན། ས་ཁུལ་རང་བཞིན་གྱི་ཧྥུལ་དུག་ཕོག་པ་སོགས་ཀྱང་འཐུང་ཆུ་ལས་འགོས་པ་ཡིན། བཟོ་ལས་ཀྱི་ཆུ་སྙིགས་དང་། ཞིང་སྨན། རྫས་ལུད་སོགས་ཀྱིས་འཐུང་ཆུ་ལ་བརྫད་སྐྱོན་གཏོང་སྲིད་པས། མི་རྣམས་ཀྱི་བདེ་ཐང་ལ་གནོད་སྐྱེལ་བཞིན་ཡོད། དེ་བས་འཐུང་ཆུས་རོང་འབྲོག་མང་ཚོགས་ལ་ནད་རིགས་སློང་བ་གཏན་འགོག་བྱ་དགོས་ན། ངེས་པར་དུ་རང་འབབ་ཆུ་ཁྱབ་གདལ་དུ་གཏོང་དགོས། རང་འབབ་ཆུ་ཁྱབ་གདལ་དུ་བཏང་ཚེ། རོང་འབྲོག་མང་ཚོགས་ཚོའི་ཁྱིམ་ཚང་གི་འཕྲོད་བསྟེན་ཆ་རྐྱེན་ཇེ་ལེགས་སུ་འགྱུར་ལ། ཁོ་ཚོའི་འཚོ་བའི་ཆུ་ཚད་མངོན་གསལ་དུ་ཇེ་མཐོར་སོང་སྟེ། རྒྱུ་ལམ་གྱི་འགོས་ནད་དང་ས་ཁུལ་ནད་འབྱུང་ཚད་ཀྱང་ཇེ་ཉུང་དུ་འགྲོ་བས།    ཁོ་ཚོའི་འཚོབ་བདེ་སྐྱིད་ལྡན་ངེས་ཡིན།

        水是生命之源。我们的健康与水的质量密切相关,如果水质不良或受到污染,饮用后就会引起许多疾病。如痢疾、霍乱、甲型肝炎等都会通过水源传播;地方性氟中毒等也是经水源染病的。工业废水、农药、化肥等,均会污染水源,是人们的健康受到损害。所以说,要解决水源污染给农牧民造成的疾病,最好的办法就是普及自来水。自来水的普及,会极大改善农牧民家庭的卫生条件,显著提高农牧民群众的生活质量,农牧区肠道传染病和地方病的发病率就会大幅下降,农牧民群众就会生活的幸福安康。

        སྤྱོད་ཁང་ནི་མི་རྣམས་ཀྱི་འཚོ་བའི་ཁྲོད་དུ་མེད་མི་རུང་བའི་རྩ་བའི་འཕྲོད་བསྟེན་སྒྲིག་གཞི་ཞིག་ཡིནཔ་དང་། མི་རྣམས་ཀྱི་འཚོ་བ་དང་བདེ་ཐང་ལ་འབྲེལ་བ་དམ་པོ་ཡོད། རོང་འབྲོག་ས་ཁུལ་དུ་གོམས་སྲོལ་གྱི་ཤུགས་རྐྱེན་དང་ཕྱིའི་ཆ་རྐྱེན་གྱི་ཚོད་བཀག་དབང་གིས་རོང་འབྲོག་མང་པོ་ཞིག་གིས་ཆེས་སྟབས་བདེ་དང་གཙང་མ་མིན་པའི་སྤྱོད་ཁང་བཀོལ་བཞིན་ཡོད་པ་དེས་སྡེ་བའི་ཁོར་ཡུག་གི་གཙང་སྦྲའི་གནས་ཚུལ་ཞན་པ་དང་བརྫད་སྐྱོན་ཚབས་ཆེ་བའི་གནད་དོན་བཟོས་ཏེ། མང་ཚོགས་ཀྱི་བདེ་ཐང་ལ་གནོན་སྐྱོན་ཆེན་པོ་བཟོས་ཡོད། དེ་བས། རོང་འབྲོག་ཁྱིམ་ཚང་རེ་རེར་འཕྲོད་བསྟེན་དང་འཚམ་པའི་སྤྱོད་ཁང་འཛུགས་སྐྲུན་བྱ་དགོས།

         厕所是人们日常生活中不可缺少的基本卫生设施,与人们的生活和健康息息相关。在农村牧区,由于传统习惯的影响和客观条件的限制,许多农牧民仍沿用简陋的不卫生厕所,导致村落环境卫生状况差,污染严重,对农牧民群众的健康带来很大危害。所以,农牧区要家家改建卫生厕所。

        ཚད་ཐིག་ནི། གྱང་ར་དང་། ཀླད་ཁེབས། གཅིན་སྐྱག་གསོག་ས་བཅས་ཡོད་པ་དང་། གཅིན་སྐྱག་ཕྱིར་མི་བཞུར་བ་དང་། སྤྱོད་ཁང་གི་ནང་གཙང་མ་ཡིན་པ། སྦྲང་ནག་མེད་པ། དྲི་ངན་མི་འཐུལ་བ། གཅིན་སྐྱག་གསོག་སར་ཁ་གཅོད་ཡོད་པ་དང་། གཅིན་སྐྱག་ལས་གནོད་དུག་མི་འབྱུང་བ་བཅས་ཡིན་དགོས།

        标准是:有墙、有顶、有便坑,储粪池无渗漏,厕所内清洁,基本无蝇蛆、无恶臭,粪池密闭有盖,粪便进行无害化处理。厕所选址,一般在远离水源、厨房,夏季主导风向的下风侧,又要便于使用和粪便清运。

ཞིང་སྨན་བཀོལ་སྐབས་སྨན་དུག་མི་ཕོག་པར་བྱ་དགོས།

使用农药防中毒

        ཞིང་སྨན་གྱིས་ལོ་ཏོག་སྟེང་གི་ནད་འབུ་དང་དུག་འབུ་འགོག་བཅོས་བྱས་ཏེ་ལོ་ལེགས་འབྱུང་བར་ཁག་ཐེག་བྱེད་པར་ནུས་པ་ཆེན་པོ་འདོན་ཐུབ་མོད། འོན་ཀྱང་མི་ཕྱུགས་གཉིས་ཀར་ཚད་མི་འདྲ་བའི་དུག་ཕོག་ཏུ་འཇུག་པས། གལ་ཏེ་བཀོལ་བ་འོས་འཚམ་མིན་ཚེ་དུག་ཕོག་ངེས་ཡིན། དེ་བས་ཞིང་སྨན་གྱིས་དུག་ཐོག་པ་སྔོན་འགོག་བྱ་ཆེད། གཤམ་གྱི་བླང་བྱ་འགའ་བསྒྲུབ་ཐུབ་དགོས།

        农药对防治农作物的病虫害和保证农牧业增产起着很大的作用。但是,农药对人畜都有不同程度的毒害作用,使用不当会引起中毒。为了预防农药中毒,应当做到以下几点:

        1.ཞིང་སྨན་གཏོར་མཁན་གྱི་ལུས་པོ་བདེ་ཐང་ཡིན་དགོས། ལུས་ལ་ནད་ཡོད་པ་དང་ལུས་ཟུངས་ཞན་པ། ལོ་ན་རྒས་པ། སྦྲུམ་མ། ནུ་མ་སྣུན་པའི་དུས་སྐབས་ཀྱི་སྐྱེས་མ། གཞན་ནུ་བཅས་ཀྱིས་ཞིང་སྨན་གཏོར་བའི་ལས་ཀ་སྒྲུབ་མི་རུང་། མི་གཅིག་གིས་ཉིན་རེ་ལ་ཞིང་སྨན་གཏོར་ཡུན་དུས་ཚོད6ལས་བརྒལ་མི་རུང་།

        1.使用农药者必须身体健康。凡身体有病虚弱者、年老者、孕妇和哺乳期的妇女、未成年人,不要从事使用农药的工作。每天使用农药时间不得超过6小时。

        2.ཞིང་སྨན་བདག་གཉེར་བྱས་པ་བདེ་འཇགས་ཡིན་དགོས། ཁྱིམ་ཚང་དུ་ཞིང་སྨན་འཇོག་ཚེ་བདག་གཉེར་བ་ཞིག་བསྐོས་ནས་འཇོག་སའི་ཁང་བའི་སྒོར་ཟ་རྒྱག་དགོས། ཞིང་སྨན་ནི་མི་འདུག་སའི་ཁང་བ་དང་ཕྱུགས་རའི་ནང་དུ་འཇོག་མི་ཉན།

        2.农药保管要安全。家庭存放农药要有专人加锁保管,不要将农药放在居室、禽畜棚舍里。

        3.ཞིང་སྨན་སྡེབ་པ་དང་། ཞིང་སྨན་དུ་ས་བོན་སྦངས་པ། དཀྲུག་པ་བཅས་ཀྱི་བྱ་བ་མི་གཅིག་གིས་འགན་ཁུར་དགོས། བྱ་བ་དེ་དག་སྒྲུབ་གནས་ནི་འདུག་ཁང་དང་། ཕྱུགས་ར། སྔོ་ཚོད་ར་བ། འཐུང་ཆུ་ལེན་ས་བཅས་དང་ཐག་རིང་དགོས།

        3.配置农药及用农药浸种、拌种的工作要由专人负责。造作地点要远离住宅、禽畜棚舍、菜园、饮水水源。

        4.ཞིང་སྨན་གཏོར་སྐབས་རང་ཉིད་སྲུང་སྐྱོབ་ལེགས་པོ་བྱ་དགོས། ཕུ་ཐུང་རིང་བའི་སྟོད་ལྭ་དང་རྐང་སྣམ་རིང་བོ། ཞྭ་མོ་བཅས་གྱོན་དགོས། བུལ་ཁུའི་སེང་རས་ཀྱི་ཁ་བཏུམ་རྒྱག་པ་དང་། འགྱིག་གི་ལག་ཤུབས་གྱོན་པ་བཅས་བྱས་ཏེ། ཤ་སྐྱི་དང་ཁ་ནང་བརྒྱུད་ནས་དུག་ཕོག་པ་སྔོན་འགོག་བྱ་དགོས།    སྨན་གཏོར་སྐབས་རླུང་གི་སྟོད་ཕྱོགས་སུ་ལངས་ནས་རྒྱབ་ཕྱོགས་སུ་འགྲོ་བཞིན་དུ་གཏོར་དགོས། ཞིང་སྨན་འགོས་ཡོད་པའི་ལག་པས་གདོང་དང་མིག་ཕྱི་མི་རུང་།

        4.喷洒农药时要做好个人防护。穿长袖衣服和长裤,戴好帽子、碱液纱布口罩和乳胶手套,防止经皮肤吸收或呼吸道吸入中毒。喷药时要站在上风头倒退着喷洒。不要用污染了农药的手擦脸和眼睛。

        5.ཞིང་སྨན་གཏོར་ཚར་རྗེས་འདག་ཆལ་གྱིས་འཁྲུས་བྱེད་པ་དང་། གོན་པ་བརྗེ་དགོས། བརྗེས་པའི་ལྭ་བ་དེ་དག་བུལ་ཁུ5%ཡི་ནང་དུ་ཆུ་ཚོད་གཅིག་ནས་གཉིས་ཙམ་ལ་སྦངས་རྗེས་སུ་འཁྲུད་དགོས། ལྷག་ཏུ་ལུས་པའི་ཞིང་སྨན་ཉུང་ངུ་དང་ཡོ་བྱད་བཀྲུས་པའི་ཆུ་སྙིགས་དེ་ཆུ་རྫིང་དང་ཐག་རིང་བའི་གནས་ཤིག་ཏུ་ས་འོག་ཏུ་འཇུག་དགོས།

        5.工作之后要用肥皂洗澡,换衣服。换下的衣服要用5%碱水浸泡一两个小时再洗干净。剩余的少量药液和洗刷用具的污水要深埋到远离水塘河水远的地方。

        6.ཞིང་སྨན་གྱིས་དུག་ཕོག་རྗེས་མྱུར་སྐྱོབ་བྱེད་ཚུལ། ཞིང་སྨན་གྱིས་དུག་ཕོག་པ་དང། གལ་ཏེ་ཁ་རུ་འཐུང་ནས་དུག་ཕོག་པ་ཡིན་ན། མྱུར་དུ་ཕྱིར་སྐྱུག་ཏུ་བཅུག་ནས། དུག་ཕོག་པའི་མི་ལ་ཆུ་གཙང་མ་འཐུང་དུ་འཇུག་པའམ་འདག་ཆལ་འདྲེས་བའི་ཆུ་ཧའོ་ཧྲིན300~500ཙམ་འཐུང(ཏིས་པེ་ཁྲུང་གིས་དུག་ཕོག་པའི་མིས་འདག་ཆལ་ཆུ་འཐུང་མི་ཉན)དུ་བཅུག་རྗེས། ཕྱིར་སྐྱུག་ཏུ་འཇུག་དགོས། དེ་ལྟར་སྐྱུག་པའི་ཁུ་བའི་ནང་དུ་ཞིང་སྨན་མི་འདྲེས་པའི་བར་དུ་ཐབས་འདི་སྐྱར་ཟློས་ཀྱིས་བཀོལ་དགོས། དྲན་པ་ཉམས་པའམ་ནད་བབ་ལྗི་བའི་ནད་པ་མྱུར་དུ་སྨན་ཁང་དུ་སྐྱེལ་ནས་མྱུར་སྐྱོབ་བྱ་དགོས། གལ་ཏེ་སྐྱི་པགས་སྟེང་འགོས་ནས་དུག་ཕོག་པ་ཡིན་ན། མྱུར་དུ་དུག་ཕོག་པའི་གནས་དང་བྲལ་ནས། ཞིང་སྨན་འགོས་ཡོད་པའི་ལྭ་བ་ཕུད་དེ། བཞུར་ཆུ་གཙང་མའམ་འདག་ཆལ་ཆུ་ཡིས་བརྫད་སྐྱོན་ཐེབས་པའི་སྐྱི་པགས་གཤལ་དགོས། ནད་བབ་ལྗི་བའི་ནད་པ་མྱུར་སྐྱོབ་རགས་ཙམ་བྱས་རྗེས། མྱུར་དུ་སྨན་ཁང་དུ་སྐྱེལ་སྨན་བཅོས་བྱ་དགོས།

        6.农药中毒后的处理。一旦发生农药中毒,如果是口服中毒,要立即催吐,让中毒者快速饮清水或稀肥皂水300~500毫升(敌百虫中毒不能用肥皂水),然后刺激催吐。如此反复多次,直到吐出液无农药气味为止。对昏迷或者病情危急者,应立即送医院抢救。如果是皮肤吸收中毒,应立即脱离中毒环境,脱去被污染的衣服,用流动的清水或肥皂水冲洗被污染的皮肤。对症状重者,经初步处理后,立即送医院救治。